དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྡེ་ཁུལ་གྱི་སྤྱི་པའི་ལྡུམ་ར་རང་འགར་བཟུང་བ་དང་གཏོར་བཤིག་བཏང་བའི་བྱེད་སྤྱོད་ལ་བཅོས་སྒྲིག་ནན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-11

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལམ་ཉི་སྐྱིད་ལྡུམ་རའི་ནང་དུ་དུད་ཚང་ཁ་ཤས་ཀྱིས་སྤྱི་པའི་ལྡུམ་རར་ཚལ་བཏབ་པ་དང་ཁུལ་ཆུང་གི་སྤྱི་པའི་ལྗོན་ཤིང་བཅད་པའི་གནད་དོན་མང་ཚོགས་ཀྱིས་ཐེར་འདོན་བྱས་པས། ཁྲེང་ཀོན་ཆུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་དང་། རྔ་ཆེན་ཁྲོམ་གཞུང་། གཙང་རལ་སྡེ་ཁུལ་གྲོང་མི་ཨུ་ལྷན་བཅས་ཀྱིས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་མཉམ་དུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་གནད་དོན་དེར་བརྟག་དཔྱད་ཞིབ་བཤེར་བྱས་པ་རེད།

    ལས་དོན་མི་སྣ་ཉི་སྐྱིད་ལྡུམ་རར་འབྱོར་སྐབས་སྤྱི་པའི་ལྡུམ་རར་སྔོ་ཚལ་བཏབ་པ་དངོས་སུ་མཐོང་ཞིང་། ཞིབ་དཔྱད་བྱས་པ་བརྒྱུད། སྔོ་ཚལ་དེ་དག་ཚང་མ་གྲོང་མིས་སྤྱི་པའི་ལྡུམ་ར་བཟུང་ནས་རང་དགར་བཏབ་པ་ཡིན་པ་དང་ལྡུམ་རར་སྐྱེས་པ་དག་ཕུད། ད་དུང་ཉེ་འགྲམ་དུད་ཚང་གིས་སྤང་ས་བསློགས་ནས་སྔོ་ཚལ་འདེབས་རྩིས་བྱེད་པའི་སྣང་ཚུལ་ཡང་ཡོད་པ་ཤེས་རྟོགས་བྱུང་བ་དང“ཁུལ་ཆུང་གི་སྤྱི་པའི་ལྗོན་ཤིང་གཅོད་པའི”གནད་དོན་ཐད་ཞིབ་དཔྱད་བྱས་པ་བརྒྱུད། སྡེ་ཁུལ་གྱི་སྡེ་ལས་ཀྱིས་ལྗོན་ཤིང་ཁག་གཅིག་ཡལ་བཞུར་རྒྱག་པ་ལས་རྐང་བཙུགས་ནས་ལྗོན་ཤིང་གཅོད་པའི་གནས་ཚུལ་མེད་པ་ཤེས་རྟོགས་བྱུང་།

    རྔ་ཆེན་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་དང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས“ང་ཚོས་འཕྲལ་དུ་ཉི་སྐྱིད་ལྡུམ་རའི་སྡེ་ལས་དང་མཐུན་སྦྱོར་བྱས་ཏེ་ཁོང་ཚོར་འཕྲལ་སྒྲུབ་འཕྲལ་བཅོས་ཀྱིས་སྔོ་ཁེབས་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ་ཡིན”ཞེས་བཤད།

    འབྲེལ་ཡོད་འགན་འཁུར་བས་བླང་བྱ་བཏོན་དོན། ཁུལ་ཆུང་སྡེ་ལས་ཀྱིས་ངེས་པར་དུ་སྤང་རྩྭ་རྒྱ་ཁྱོན་སྨི་ངོས་གྲུ་400གསབ་འདེབས་དང་། ཤུག་པ་སྡོང་རྐང་180གསབ་འཛུགས་བྱེད་དགོས་པ་དང་ཆབས་ཅིག ར་སྐྱོར་མེད་པའི་སྤྱི་པའི་ལྡུམ་རར་ར་སྐྱོར་བཙུགས་པ་དང་འབྲེལ། གཙང་རལ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་ཀྱང་སྡེ་ལས་དང་མཉམ་དུ་སྡེ་ཁུལ་གྱི་དུད་ཚང་མི་རེ་ངོ་རེར་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།