དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མེ་ཏོག་རྫོང་ནས་རིང་ཚད་ལ་སྨི་76.8ཟིན་པའི་འབྲུག་ཡུལ་སྒྲོན་ཤིང་ཞིག་རྙེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-05-11

    2173726_huangzy_1652198400000_s.jpg

    ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་མི་སྣས་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ནས་རིང་ཚད་ལ་སྨི་76.8ཟིན་པའི་འབྲུག་ཡུལ་སྒྲོན་ཤིང་ཞིག་རྙེད་པ་དེ་ཀྲུང་གོའི་སྐམ་ས་ཆེན་པོ་ནས་ད་བར་ཤེས་རྟོགས་བྱུང་བའི་ཤིང་སྡོང་རིང་ཤོས་སུ་གྱུར་པ་དང་། དེ་ལས་དེ་གོང་ཡུན་ནན་ཀའོ་ལི་ཀུང་རི་བོར་སྐྱེས་པའི་རིང་ཚད་ལ་སྨི་72ཡོད་པའི་ཐུའུ་ཧྲན་སྒྲོན་ཤིང་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ཞིབ་འཇུག་ཚོགས་པས་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོ་ནས་རིང་ཚད་ལ་སྨི་70ཡན་ཡོད་པའི་སྡོང་རྒན་8ཤེས་རྟོགས་བྱུང་བ་དེ་ནི་མིག་སྔར་ཀྲུང་གོའི་སྐམ་སའི་ཐོག་གནད་སྨིན་ཚད་འཇལ་བརྒྱུད་ཤེས་རྟོགས་བྱུང་བའི་སྡོང་རྒན་མང་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དེ་ཐོག་ནས་ཡར་ཀླུང་གཙང་པོའི་རོང་ཆེན་ས་ཁོངས་ཀྱི་ནགས་ཚལ་སྐྱེ་ཁམས་མ་ལག་གི་གདོད་མའི་རྣམ་པ་གང་ལེགས་མཚོན་ཡོད་པ་རེད། འདི་ནི་འབྲུག་ཡུལ་སྒྲོན་ཤིང་ཡིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།