དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྡོད་མལ་ཁོར་ཡུག་བཅོས་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-04

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སྡེ་ཁུལ་གྲོང་ལྷན་གྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ཆ་རྐྱེན་འོག ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཁྲོམ་གཞུང་དང་སྲང་ལམ་བཅོས་སྒྲིག་བཅས་ལས་ཀའི་གཙོ་གནད་དུ་བཟུང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་བྱས་ནས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། དམངས་ཡོངས་ཞུགས་པ། དག་ཐེར་མཐའ་གཅིག་ཏུ་བྱེད་པ”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་མི་ཤུགས་དང་དངོས་ཤུགས་གཅིག་སྡུད་དང་། ཚན་རིག་དང་མཐུན་པའི་ངང་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། སྡེ་ཁུལ་གྱི་ལས་དོན་མི་སྣ་ཡོངས་དང་། གྲོང་སྡོད་ལས་དོན་རུ་ཁག དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་བཅས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ཁོངས་གཏོགས་ཁུལ་དུ་བཅོས་སྒྲིག་གི་ལས་དོན་ཁག་སྤེལ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་དགའ་ཞེན་དང་ཞི་མཐུན་ལྡན་པའི་སྡེ་ཁུལ་མཉམ་དུ་སྐྲུན་པའི་གྲོང་མི་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    ལས་དོན་མི་སྣས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་སྟོད་གོས་དམར་པོ་གྱོན་པའམ་ཡང་ན་དཔུང་རྟགས་དམར་པོ་བཏགས་ནས་སྐོར་ཞིབ་ལས་འགན་དོན་འཁྱོལ་ནན་ཏན་བྱས་པ་རེད། དྲ་རྒྱ་དང་། ཁྲོམ་གཞུང་། ཁུལ་ཆུང་། ཚོང་ཁང་སོགས་འགན་གཙང་ལེན་པའི་བཅོས་སྐྱོང་བྱེད་སྟངས་བརྒྱུད་རང་སོ་སོའི་ཁྱབ་ཁོངས་ཀྱི་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། ཁུལ་ཆུང་། ཚལ་ཁྲོམ། སློབ་གྲྭ་སོགས་གཙོ་གནད་དུ་བྱས་པ་དང་དེ་བཞིན་གཞུང་ལམ་གཙོ་བོའི་ཁོར་ཡུག་འཕྲོད་བསྟེན། འཕྲོད་བསྟེན་གྱི“བཙོག་ཟིང་ཞན་གསུམ”སོགས་པའི་འབྲེལ་ཡོད་གནད་དོན་ཚང་མར་གྲལ་བཤེར་བྱས་པ་དང་འབྲེལ་དག་ཐེར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།