དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འདམ་ར་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-04

    འདམ་ར་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་འདམ་ར་སྲུང་སྐྱོང་གི་གྲོང་མི་དང་མང་ཚོགས་ཚོའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་དུས་ཆབ་མདོ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས“འདམ་རར་སྲུང་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། འབྲེལ་ཡོད་དྲིལ་བསྒྲགས་ཇུས་གཞི་བཟོས་ནས་བཀྲམ་སྟེ་འདམ་ར་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་རྫོང་དང་ཆུས་ནགས་ཚལ་རྩྭ་ཐང་ཅུས་11གིས་དྲིལ་བསྒྲགས་ས་ཚིགས་བཀོད་སྒྲིག་བྱས་ཏེ་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། 《འདམ་ར་སྲུང་སྐྱོང་དོ་དམ་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་འདམ་ར་སྲུང་སྐྱོང་སྲོལ་ཡིག》སོགས་དྲིལ་བསྒྲགས་ཤོག་ལྷེབ(དེབ)སྤྲོད་པའི་བྱེད་སྟངས་ལ་བརྟེན་ནས་དྲིལ་བསྒྲགས་བྱས་ཏེ། ཁྱོན་དྲིལ་བསྒྲགས་ཤོག་ལྷེབ(དེབ)ཁྲི་1.5ལྷག་ཙམ་སྤྲད་པ་དང་། མི་ཐེངས་30ལྷག་ཙམ་ལ་ས་གནས་ས་ཐོག་ཏུ་འདམ་རའི་འབྲེལ་ཡོད་ཤེས་བྱའི་སྐོར་ལན་བརྒྱབ་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།