དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་གཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-29

    ཉེ་ཆར། རང་ལྗོངས་ཀྱིས《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《ལག་བསྟར་བསམ་འཆར》ནང་2025ལོར་སླེབས་སྐབས་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་མགྱོགས་སུ་གཏོང་བ་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) སྐྱེ་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་བྱེད་པ་སོགས་ཀྱི་ཐད“སྣ་འདུས་ཐབས་བཟང”ཡག་པོ་སྤྱད་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བ་བསྟན་ཡོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་པོ་སྐྲུན་པའི་ཐད་རང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་གཞི་དོན་འཁྱོལ་ནན་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་གཏོད་དང“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་འཛུགས་སྐྲུན་ཧུར་ཐག་བྱས་ཡོད། 2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་དང་ཆུས་20%ཡན་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་འཛུགས་གཏོད་བྱེད་རྒྱུ་དང་། རྫོང་དང་ཆུས་30%དང་། ཤང་དང་གྲོང་རྡལ་40% གྲོང་ཚོ་དང་གྲོང་ལྷན་60%བཅས་སུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད་ཟིན་པ་བྱེད་རྒྱུ་རེད།

    སྐྱེ་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་བའི་ཐད་རང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད་དོན་འཁྱོལ་ཧུར་ཐག་བྱས་ནས། གཙོ་གནད་ཆུ་བོ་དང་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་པ་དང་། གཞུང་ཁོངས་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱུན་མཐུད་སྤེལ་བ། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་འདེགས་སྐྱོར་མ་ལག་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཡོད། 2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་12.51%བར་མཐོ་རུ་གཏོང་རྒྱུ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50%བར་མཐོ་རུ་གཏོང་རྒྱུ། འདམ་ར་སྲུང་སྐྱོང་བྱེད་ཚད་68.75%ཡན་བརྟན་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

    སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་བྱེད་པའི་ཐད་རང་ལྗོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར་བཟོས་ནས། བྱང་ཐང་ནས་གཙང་གསུམ་ཆུ་འགོ་དང་། ཧི་མ་ལ་ཡའི་ཤར་ལྷོའི་རྒྱུད། འཕྲེད་རྒྱུག་རི་བོའི་ལྷོ་མཚམས་བར་བཅས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་ལ་འཇོག་པའི་ཁུལ་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་འཇལ། དཔྱད་དཔོག་བཅས་བྱེད་རྒྱུ་རེད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་བྱེད་ཚད་80%ཟིན་རྒྱུ་རེད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཀྱི་གནས་ཚུལ་དཔྱད་དཔོག་སྙན་སེང་ལམ་ལུགས་བཟོས་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལྟ་འདོམས་ལས་སྟེགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལྟ་འདོམས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རང་བྱུང་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།