དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བོད་ལྗོངས་མཁའ་འགྲུལ་ཁུལ་གསར་གྱི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་ད་བར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་བྱུང་མེད་པའི་དཔེ་མཚོན་གྱོད་དཔེ་དམར་རྗེན་དུ་བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-04-28

    ཚེས་26ཉིན་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དྲུག་པས། བོད་ལྗོངས་མཁའ་འགྲུལ་ཁུལ་གསར་གྱིས་2020ལོའི་གོང་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་ལེ་ལག་ཚང་བའི་མདོང་ལམ་སྐྲུན་དགོས་པའི་ཐད་ད་བར་དོན་དངོས་རང་བཞིན་གྱི་འཕེལ་རིམ་བྱུང་མེད་པའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་ནས། ཉེན་ཟོན་གྱི་ནུས་པ་འདོན་སྤེལ་གྱིས་གནད་དོན་དག་ཐེར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    ལྟ་བཤེར་བྱས་རྗེས་ཤེས་རྟོགས་བྱུང་བར། བོད་ལྗོངས་མཁའ་འགྲུལ་ཁུལ་གསར་གྱིས་2020ལོའི་གོང་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་ལེ་ལག་ཚང་བའི་མདོང་ལམ་སྐྲུན་དགོས་པའི་ཐད་ད་བར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་བྱུང་མེད་པ་རེད། སྐྱིད་གཤོངས་མ་ཡུར་མཁའ་འགྲུལ་ཁུལ་གསར་དུམ་བུའི་རྒྱུད་དུ་གཙང་གསིང་བྱས་མེད་པའི་འཚོ་བའི་བཙོག་ཆུ་འབོར་ཆེན་ཐད་ཀར་ཕྱིར་འབུད་བྱེད་ཀྱི་ཡོད། 2021ལོའི་ཟླ་12པར། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཀྱང་མཁའ་འགྲུལ་ཁུལ་གསར་གྱིས་མ་ཡུར་གྱི་ཆུ་གཤོང་སར་ལྟ་སྣང་དོད་པོ་བཟོ་བ་དང་། དུས་བཀག་ནང་ཆུ་སྒོ་ཕྱེ་ནས་ཆུ་འབུད་པ་དང་ཆུ་རྒྱུག་ཤུགས་ཆེ་རུ་གཏོང་བ་སོགས་ཕྱི་ཚུལ་ཙམ་གྱི་བྱ་ཐབས་སྤྱད་དེ་དག་ཐེར་ལ་ཁྲལ་སེལ་སླ་བཅོས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།