ཟླ་4ཚེས་21ཉིན་གྱི་ཆུ་ཚོད་10པ་ནས་ཆུ་ཚོད་21བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་གོང་ཞུའི་ཡི་གེ་དང་ཁ་པར་གྱི་ཐེར་འདོན་44འབྱོར་བ་དེ་དག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་5དང་འབྲེལ་བ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་31དང་། གཞིས་རྩེ་གྲོང་ཁྱེར་གྱི་4 ནག་ཆུ་གྲོང་ཁྱེར་གྱི་4 ཉིང་ཁྲི་གྲོང་ཁྱེར་གྱི་3 ཆབ་མདོ་གྲོང་ཁྱེར་གྱི་2བཅས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་གནད་དོན་ཁྱོན་46གོང་ཞུ་བྱས་པའི་ནང་སྐྱེ་ཁམས་གཏོར་སྐྱོན་རིགས་15དང་། ས་རྒྱུའི་སྦགས་བཙོག་རིགས་13 རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས་8 ཆུའི་སྦགས་བཙོག་རིགས་6 འཛེར་སྒྲའི་སྦགས་བཙོག་རིགས་3 སྦགས་བཙོག་གཞན་དག་རིགས་1བཅས་ཡོད་པ་རེད།
ཚེས་21ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁྱོན་920ཡོད་པ་ཚང་མ་གོ་རིམ་གཞིར་བཟུང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་རྩིས་སྤྲད་ཟིན་པ་རེད།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་22ཉིན་གྱི་ཆུ་ཚོད་10པ་ནས་ཆུ་ཚོད་21བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་གོང་ཞུའི་ཡི་གེ་དང་ཁ་པར་གྱི་ཐེར་འདོན་56འབྱོར་བ་དེ་དག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་འབྲེལ་བ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་43དང་། གཞིས་རྩེ་གྲོང་ཁྱེར་གྱི་3 ཆབ་མདོ་གྲོང་ཁྱེར་གྱི་3 ནག་ཆུ་གྲོང་ཁྱེར་གྱི་3 ཉིང་ཁྲི་གྲོང་ཁྱེར་གྱི་2 ལྷོ་ཁ་གྲོང་ཁྱེར་གྱི་1 མངའ་རིས་ས་ཁུལ་གྱི་1བཅས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་གནད་དོན་ཁྱོན་59གོང་ཞུ་བྱས་པའི་ནང་སྐྱེ་ཁམས་གཏོར་སྐྱོན་རིགས་17དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས་13 ཆུའི་སྦགས་བཙོག་རིགས་12 འཛེར་སྒྲའི་སྦགས་བཙོག་རིགས་8 ས་རྒྱུའི་སྦགས་བཙོག་རིགས་5 འགྱེད་འཕྲོའི་སྦགས་བཙོག་རིགས་2 སྦགས་བཙོག་གཞན་དག་རིགས་2བཅས་ཡོད་པ་རེད།
ཚེས་22ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་བསྡོམས་976ཡོད་པ་ཚང་མ་གོ་རིམ་གཞིར་བཟུང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་རྩིས་སྤྲད་ཟིན་པ་རེད།