བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་སྐྲུན་བཞིན་ཡོད།
བོད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་ཟམ་མ་ཆད་པར་མང་དུ་ཕྱིན་ནས། གཙོད་དང་། རྐྱང་། དགོ་བ་སོགས་དེ་སྔོན“མི་མེད་ཁུལ”དུ་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་ད་ཆ་གང་སར་ཡོད་ཅིང་། མིའི་རིགས་དང་ཞི་མཐུན་མཉམ་གནས་ཐུབ་ནས་གངས་ལྗོངས་ས་མཐོ་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ལ་གྱུར་ཡོད་པ་རེད།
འདི་ནི་རུ་ཐོག་རྫོང་ནས་པར་བླངས་པའི་རྐྱང་ཁྱུ་ཡིན་པ།
འདི་ནི་ནག་ཆུ་དཔལ་མགོན་རྫོང་ནས་པར་བླངས་པའི་ཏེ་ལོས་ཨ་བྲ་འཛིན་བཞིན་པ།
འདི་ནི་རུ་ཐོག་རྫོང་ནས་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
འདི་ནི་རུ་ཐོག་རྫོང་ནས་པར་བླངས་པའི་གཙོད་ཁྱུ་ཡིན་པ།