དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྙེ་མོ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས“ཡར་ཀླུང་གཙང་པོར་སྲུང་སྐྱོང་དང་གད་སྙིགས་གཏན་འགོག་བྱེད་པར་སྙེ་མོས་བྱ་སྤྱོད་སྤེལ་བ”ཞེས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་དམིགས་ཡུལ་ནི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ཏེ། འགྲོ་འོང་བྱེད་མཁན་འཁོར་རིགས་དང་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གད་སྙིགས་གང་བྱུང་དུ་དབྱུག་རྒྱུ་གཏན་འགོག་བྱས་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་འབོད་སྐུལ་བྱེད་ཆེད་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་དང་བླངས་ཞབས་ཞུ་རུ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ས་གནས་ས་ཐོག་ཏུ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་པ་དང་འབྲེལ་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཚང་མས“མདུན་དུ་བསྐྱོད་པ་དང་། དཀའ་སྡུག་ལ་མི་སྐྲག་པ། ངལ་དུབ་ལ་མི་འཛེམ་པ”བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཡར་ཀླུང་གཙང་པོའི་ངོགས་དང་། རྡོ་སྲུབས་དང་རྩྭ་སྙིགས་ཁྲོད་ཀྱི་འགྱིག་ཤོག་དང་། འཐུང་བྱའི་སྣོད། ཐ་མག་གི་རོ་ཏོ་སོགས་སྒྲུག་ནས་ཁུག་གསང་སྟོང་གསུམ་མ་ལུས་པ་བྱས་ཡོད།

    གོམ་སྟབས་རྗེས་མར། སྙེ་མོ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་ཡར་ཀླུང་གཙང་པོ་བཅོས་སྐྱོང་དང་གཙང་པོ་དང་མཚོ་བཅོས་སྐྱོང་ལ་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཧུར་ཐག་ཞུགས་ནས། ཚང་མས་ཐུན་མོང་ཐོག་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་དང་གཙང་པོ་དང་མཚོ་སོགས་ཀྱི་མཐའ་འཁོར་དུ་གད་སྙིགས་གཤོ་རྒྱུ་གཏན་འགོག་གིས་སྐྱིད་སྣང་དང་གཙང་སྦྲ་དོད་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་དེ། སྐྱེ་ཁམས་མཛེས་སྡུག་ལྡན་པའི་སྙེ་མོ་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།