དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁོར་ཡུག་རྣམ་པ་གསར་པར་གྱུར། མང་ཚོགས་གདོང་ནས་འཛུམ་མདངས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

    ཁྲོམ་གཞུང་དང་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ནི་ཁོངས་གཏོགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུར་དམིགས་ནས“ལམ་ཁོད་སྙོམས་པ་དང་། ཁྲོམ་གཞུང་གཙང་བཟོ། གློག་སྒྲོན་གསལ་བ། ཆུ་ཤར་གཏོང”བཅས་ཀྱི་དམངས་འཚོའི་འདུ་འགོད་མངོན་འགྱུར་བྱེད་པ་ཞིག་རེད།

    ཁྲོམ་གཞུང་དང་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཚུན་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་དང་སྡེ་ཁུལ་ཁག་གིས་གྲོང་ཁྱེར་གྱི་འགྲོ་ལམ་དང་ཁྲོམ་གཞུང་མཛེས་སུ་གཏོང་བ་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འགག་གནད་དང་། སེམས་ཁྲལ་བྱེད་ས། དཀའ་གནད་བཅས་ལ་དམིགས་ཏེ་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་ཡོད།

    ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་དུ་སྐྱོད་སྐབས་ལམ་རྒྱུད་ཀྱི་འགྲོ་ལམ་གཙང་བ་དང་། འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་སྟངས་གོ་རིམ་ལྡན་པ། འགྲིམ་འགྲུལ་ཚད་ལྡན་ཤར་བགྲོད་ཐུབ་པ། ཚོང་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་བཅས་ཞི་མཐུན་གྱི་རྣམ་པ་ཟབ་མོ་མངོན།

    “ང་ཚོས་དམངས་འཚོའི་གནད་དོན་ཆུང་ཙག་དང་མི་སེར་གྱི་དགོས་མཁོ་དང་བསྟུན་ནས་ལྷ་མོའི་རིག་གནས་སྲང་ལམ་གཏོད་པ་དང་། གློག་སྒྱུར་སྒམ་གྱི་མཐའ་འཁོར་མཛེས་བཟོ། དེ་བཞིན་གློག་སྒུལ་འཁོར་རིགས་ཀྱི་གློག་གསོག་ཡོ་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་དང་སྒྲིག་ལམ་མུ་མཐུད་ལེགས་སུ་ཕྱིན་ཡོད”ཅེས་ཉང་བྲན་ཁྲོམ་གཞུང་གི་ཁྲོམ་གཞུང་དང་སྲང་ལམ་བཅོས་སྒྲིག་ལས་དོན་གྱི་འབྲེལ་ཡོད་འགན་འཁུར་བ་བདེ་སྒྲོལ་གྱིས་ངོ་སྤྲོད་བྱས།

    ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་དུ་མི་ཚོགས་སྟུག་པ་དང་། འགྲུལ་བཞུད་ཆེ་བ། དེ་སྔོན་འགྲིམ་འགྲུལ་འགག་པ་དང་། ལམ་བཟུང་ཚོང་གཉེར་བྱེད་པ། གང་བྱུང་དུ་འཛུགས་སྐྲུན་བྱེད་པ། གང་བྱུང་དུ་བརྡ་ཁྱབ་སྦྱར་བ། རྐང་ཐང་ལམ་དུ་འཁོར་རིགས་གང་བྱུང་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། ཉང་བྲན་ཁྲོམ་གཞུང་གིས་དོན་དངོས་ལ་གཞིགས་ནས “གྲོང་ཚོ་གཅིག་ལ་ཁྱད་ཆོས་གཅིག”གི་ཁྲོམ་གཞུང་དང་སྲང་ལམ་བཅོས་སྒྲིག་གི་ཇུས་འགོད་དང་“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་པ·ཆ་བཅུ་ཆ་ལྔའི”ཁྲོམ་གཞུང་དང་སྲང་ལམ་བཅོས་སྐྱོང་ཇུས་གཞི་བཟོས་ཏེ་གཟའ་འཁོར་རེར“3+1+1”(གོ་རིམ་གསུམ་དང་། བརྡ་ཁྱབ་ཐེངས་གཅིག མིང་གྲལ་ཐེངས་གཅིག)བཅས་ཀྱི་ལས་ཀའི་བྱེད་ཐབས་བརྒྱུད་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཁྲོམ་གཞུང་དང་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཏེ། ཁྲོམ་གཞུང་དང་སྲང་ལམ་གྱི་ཤེས་དཔལ་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། ཁྲོམ་གཞུང་དང་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉང་བྲན་ཁྲོམ་གཞུང་གིས་ད་དུང་ཆེད་མངགས་ཁྲོམ་གཞུང་དང་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྐྱོང་རུ་ཁག་བཙུགས་ནས་ཉིན་ལྟར་ཁོངས་གཏོགས་ཁུལ་དུ་ལམ་བཟུང་གཉེར་སྐྱོང་དང་། གང་བྱུང་དུ་སྤུངས་ནས་འཇོག་པ། ལྐོག་ཏུ་སྡོད་ཁང་རྒྱག་པ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་མི་39ལས་གྲུབ་པའི་སྐལ་བཟང་མེ་ཏོག་འཕྲོད་བསྟེན་ཞབས་ཞུ་རུ་ཁག་བཙུགས་ནས་ཉིན་ལྟར་ཐེངས་གྲངས་མང་བ་དང་། ཁུག་ཆ་མེད་པ། རྒྱུན་རྣམ་ཅན་བཅས་ཀྱི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་གཙང་སྦྲའི་ལས་དོན་སྤེལ་ནས་ཁྲོམ་གཞུང་གི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་པ་རེད།

    “ད་ཆ་ལམ་དེར་རླངས་འཁོར་འགག་པའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས། འགྲོ་སྐྱོད་སྟབས་བདེ་བ་མ་ཟད། འགྲོ་ལམ་གཙང་བ་དང་གློག་སྒུལ་འཁོར་རིགས་གྲལ་འགྲིག་པོའི་ངང་བཞག་པས། ཉང་བྲན་ཁྲོམ་གཞུང་དང་། སྔཌ་པ་གླིང་ཁ་སྡེ་ཁུལ། འགྲིམ་འགྲུལ་དོ་དམ་སྡེ་ཚན་བཅས་ཀྱིས་མཉམ་ལས་བྱས་པར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ང་ཚོས་རླངས་འཁོར་འཇོག་སྟངས་ཚད་ལྡན་དང་སྡེ་ཁུལ་དུ་གཙང་སྦྲ་ཡག་པོ་བྱས་ནས་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན”ཞེས་སྔཌ་པ་གླིང་ཁ་སྡེ་ཁུལ་གྱི་གྲོང་མི་བློ་བཟང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།