དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གཙོ་གནད་འདམ་རའི་ཁ་གསབ་ཚོད་ལྟ་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-20

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ཟབ་ཏུ་བཏང་བ་དང་། གཙོ་གནད་འདམ་རའི་ཁ་གསབ་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་འདམ་རའི་སྐྱེ་ཁམས་སླར་གསོ་དང་། སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    མིག་སྔའི་བར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཡུག་ཁུལ་གྱི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་32.64ཡོད་ཅིང་། དེའི་གྲས་ཀྱི་གསེར་གླིང་མཚོའི་འདམ་ར་རྒྱལ་སྤྱིའི་འདམ་རར་བཅུག་པ་རེད། གསེར་གླིང་མཚོའི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཤན་རྩ་རྫོང་ཡུག་ཁུལ་གྱི་གཙོ་གནད་འདམ་རའི་ཁ་གསབ་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་བར་སྐྱེ་ཁམས་ཀྱི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་1237.68སྤྲད་པ་དང་། འདམ་རའི་ལྟ་འདོམས་པ་64དང་འདམ་ར་བདག་སྐྱོང་བ་508བསྡུས་ཡོད། གཙོ་གནད་འདམ་རའི་ཁ་གསབ་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་ཏེ་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དུས་མཚུངས། མང་ཚོགས་ལ་ཡང་ཡོང་འབབ་ངེས་ཅན་ཞིག་རགས་ཏེ་ཁོང་ཚོས་འདམ་ར་སྲུང་སྐྱོང་ནང་ཞུགས་པའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ནས། འདམ་རའི་སྲུང་སྐྱོང་ལས་དོན་བརྟན་ལ་ནུས་ལྡན་ངང་འཕེལ་རྒྱས་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།