དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཤིང་འཛུགས་ནགས་བཟོ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-20

     ཉེ་ཆར་ཟོག་འགྲེམས་ལྟེ་གནས(ལྷ་སའི་སྣུམ་མཛོད)ཀྱི་ཏང་ཡོན་གྱིས་ལས་མིའི་སྣེ་འཁྲིད་དེ“ཤིང་འཛུགས་ནགས་བཟོ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།

    ཤིང་འཛུགས་དུས་ཆེན་གོང་གི་ཉིན་མོར། ཟོག་འགྲེམས་ལྟེ་གནས(ལྷ་སའི་སྣུམ་མཛོད)ཀྱི་ཏང་ཀྲི་པུའི་ཨུ་ཡོན་གྱིས། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་སྲང་ལམ་གྱི་སྡོང་ཕྲུག་ཕྱིར་ཚོང་ལྟེ་གནས་ནས་སྡོང་ཕྲུག་ཉོས་ཏེ་སྣུམ་མཛོད་ཀྱི་རྒྱལ་སྒོའི་ས་སྟོང་དང་སྒོ་རའི་ནང་བཏབ་པ་རེད། ཟོག་འགྲེམས་ལྟེ་གནས(ལྷ་སའི་སྣུམ་མཛོད)ཀྱི་ཏང་ཡོན་དང་ལས་མིས་གོ་རིམ་བཞིན་ལག་ཆ་དང་སྡོང་ཕྲུག་བླངས་ནས། ཁག་གཅིག་གིས་ས་དོང་འདྲུ་བ་དང་། ཁག་གཅིག་གིས་སྡོང་ཕྲུག་དབོར་བ། ཁག་གཅིག་གི་ས་རྒྱོང་བ། ཁག་གཅིག་གིས་ཆུ་རྒྱག་པ་སོགས་ཀྱི་ལས་ཀ་གོ་རིམ་དང་བྱང་ཆ་ལྡན་པའི་ངང་བྱས་ཏེ། མཐུན་སྒྲིལ་དང་རོགས་རེས་ཀྱི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་ཡོད།

    ཤིང་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཟོག་འགྲེམས་ལྟེ་གནས(ལྷ་སའི་སྣུམ་མཛོད)ཀྱི་ཏང་ཡོན་དང་ལས་མི་ཚོའི་ལས་ཀའི་ཧུར་སེམས་ཧ་ཅང་ཆེན་པོ་ཡོད་ཅིང་། ཁོང་ཚོས་ཁམ་སྡོང་ལ་སོགས་ཀྱི་སྡོང་ཕྲུག་བཅུ་ཕྲག་སྣུམ་མཛོད་ཀྱི་རྒྱལ་སྒོའི་ས་སྟོང་དང་། དེ་བཞིན་ཕྱོགས་བསྡུས་ཐོག་ཁང་གི་ཉེ་འགྲམ་དུ་གྲལ་འགྲིག་པོས་བཏབ་ཡོད། དྲོད་འཇམ་ཀྱི་ཉི་འོད་འོག་ཟོག་འགྲེམས་ལྟེ་གནས(ལྷ་སའི་སྣུམ་མཛོད)ཀྱི་ཏང་ཡོན་དང་ལས་མི་རྣམས་ཀྱིས་བདེ་བླག་ངང་ད་ཐེངས་ཀྱི་ཤིང་འཛུགས་བྱེད་སྒོ་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཤིང་འཛུགས་བྱེད་སྒོའི་ནང་། ཟོག་འགྲེམས་ལྟེ་གནས(ལྷ་སའི་སྣུམ་མཛོད)ཀྱི་ཏང་ཡོན་དང་ལས་མིའི་ཤིང་འཛུགས་ནགས་བཟོའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་དུས་མཚུངས། ཁོང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཤིས་སྐྲུན་པར་དོ་ཁུར་དང་དེའི་ནང་ཞུགས་པའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།