དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ལྗང་རི་ཀླུང་རྟག་ཏུ་གནས། མཁའ་རླུང་གཙང་མས་ལུས་སེམས་གསོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-20

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་པས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་། ཁོར་ཡུག་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་ཐོག་ལེགས་འཕེལ་བྱུང་བ། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཧུར་ཐག་བྱས་པ་དང་། 《གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་གཞིས་རྩེ་མགྱོགས་མྱུར་སྐྲུན་པའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ། 《གཞིས་རྩེ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཆར་འགོད(2020ལོ་ནས་2030ལོའི་བར)》ཁྱབ་བསྒྲགས་ལག་བསྟར་བཅས་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་ཀྱི་་ཚད་གཞི་ལོན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། མིག་སྔར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་སོགས་ཤང་80ཡི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང་གི་འཛུགས་སྐྱོང་འཆར་འགོད་དང་བསམ་གྲུབ་རྩེ་ཆུས་བདེ་ལེགས་སྡེ་ཁུལ་སོགས་གྲོང་ཚོ(སྡེ་ཁུལ)1118ཀྱི་འཛུགས་སྐྱོང་ཇུས་གཞིར་ཞིབ་དཔྱད་ཐུབ་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ལ་ལྟ་འདོམས་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཤིང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་7ལ་སྲིད་འཛིན་ཆད་པ་བཅད་པ་དང་། དངུལ་ཆད་སྒོར་ཁྲི་111.4ལྷག་ཙམ་བཅད་པ། ཁེ་ལས(རྣམ་གྲངས)17སྒོ་རྒྱག་ཏུ་བཅུག་པའམ་ཡང་ན་མེད་པར་བཟོས་པས་རང་བྱུང་སྲུང་སྐྱོང་ཁུལ་ནང་ཁུལ་གྱི་གླེང་མང་བའི་གནད་དོན་གྱི་གྲངས་འབོར་ཉུང་དུ་དང་རྒྱ་ཁྱོན་ཆུང་དུ་ཕྱིན་ཡོད།

    2021ལོ་ནས་བཟུང་། ཇོ་མོ་གླང་མའི་སྒར་ས་ཆེ་མོ་དང་དེ་བཞིན་ལམ་རྒྱུད་ཀྱི་གད་སྙིགས་ཏུན་377.5གཅིག་སྡུད་གཙང་སེལ་དང་། རི་འཛེག་གད་སྙིགས་ཏུན་1.5གཙང་སེལ་བྱས་ནས། ཇོ་མོ་གླང་མའི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་ཆབས་ཅིག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་རང་བཤེར་བྱེད་སྒོ་སྤེལ་ནས་རྫོང་དང་ཆུས་18དུ་བསྐྱོད་དེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཡོད།

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

    དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2020ལོའི་གཞིས་རྩེ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་གྱི་སྤྱི་བསྒྲགས་དང་2021ལོའི་དུས་ཚིགས་རེའི་གཞིས་རྩེ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་རྡོ་སོལ་དང་སྐྱེ་དངོས་ནུས་རྒྱུའི་ཁྲོ་ཐབ་ལ་གྲལ་བཤེར་བསྡོམས་རྩིས་བྱས་ཡོད། མིག་སྔར་ཁྱོན་མ་དངུལ་སྒོར་ཁྲི་550.86བཏང་བའི་གཞིས་རྩེ་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་རྣམ་གྲངས་ཀྱི་དྲ་ཐོག་ལྟ་སྐུལ་ཚོད་འཛིན་ལས་སྟེཌ་བསྐྲུན་ཟིན་པ་དང་། གཙོ་གནད་བཙོག་འབུད་ཚན་པ་5དང་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ཞིབ་བཤེར་སྒྲིག་གཞི་5ཡི་ལྟ་སྐུལ་ཚོད་འཛིན(ལྟ་ཞིབ་ཚད་ལེན)གྲངས་གཞིའི་ཆ་འཕྲིན་དྲ་སྦྲེལ་ཐུབ་སྟེ་དྲ་ཐོག་ནས་ལྟ་འདོམས་བྱེད་ཐུབ་ཀྱི་ཡོད། 2021ལོར་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་ཡོད།

    ཆུ་དྭངས་སྲུང་སྐྱོང་དམག་འཐབ་བརྟན་ཐོག་ལེགས་འཕེལ་བྱུང་ཞིང་། 《གཞིས་རྩེ་གྲོང་ཁྱེར་གྱི་ཆུ་རྒྱུན་གཙོ་བོའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》ལ་ཞིབ་དཔྱད་བྱས་པ་བརྒྱུད། ཁྱོན་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་125གྲབས་གསོག་བྱས་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་35ལྷག་ཙམ་བཏང་ཡོད། གཙང་ཆུར་འདྲེན་པའི་བཙོག་འབུད་མདོང་ལམ་52ཀྱི་ནང་ནས་མདོང་ལམ་16ལ་ཞིབ་མཆན་ཐོ་འགོད་བྱས་པ་དང་། རྫོང་7གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་8ཀྱི་དབྱེ་འབྱེད་ལག་རྩལ་སྙན་ཞུར་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བསྡུར་བཤེར་དང་ལག་རྩལ་ཞིབ་བཤེར་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་དག་ཚད་རིམ་པ་IIIལ་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་100%ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་དག་ཚད་100%ཟིན་ཡོད།

    ས་གཙང་སྲུང་སྐྱོང་གི་དམག་འཐབ་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། 《གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་ཁོར་ཡུག་བཅོས་སྐྱོང་ཆེན་པོའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས(ཚན་པ)1090ལ་སྦགས་བཙོག་འགོག་བཅོས་ལས་དོན་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་སྐྱེད་སྙིགས་རོ་ཐོན་པའི་ཁེ་ལས(ཚན་པ)ཀྱི་སྦགས་བཙོག་འགོག་བཅོས་ལ་གཙོ་གནད་ལྟ་འདོམས་བྱེད་པའི་ཁེ་ལས་ཀྱི་གསལ་ཐོ་ཆགས་པ་དང་། ཐོན་སྐྱེད་སྙིགས་རོ་ཐོན་པའི་ཁེ་ལས(ཚན་པ)250དྲ་ཐོག་ནས་འདུན་ཞུ་ཐོ་འགོད་བྱས་ཡོད།

    འཛེར་སྒྲ་ལྟ་འདོམས་ཉིན་རེ་བཞིན་ཚད་ལྡན་དུ་སོང་ཞིང་། རྫོང་17ལ་རྫོང་གྲོང་གི་སྒྲའི་ཁོར་ཡུག་བྱེད་ནུས་ཁུལ་དབྱེ་འབྱེད་ལས་དོན་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་ཁྱོན་སྒྲའི་ཁོར་ཡུག་བྱེད་ནུས་ཁུལ་438ཕྱེ་བ་དང་། ས་ཁོངས་ཁོར་ཡུག་གི་འཛེར་སྒྲ་ལྟ་ཞིབ་ཚད་ལེན་ས་ཚིགས་1790དང་འགྲིམ་འགྲུལ་ཁོར་ཡུག་གི་འཛེར་སྒྲ་ལྟ་ཞིབ་ཚད་ལེན་ས་ཚིགས་362ཁ་ཐོར་ངང་བཙུཌ་ཡོད། གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་སྒྲའི་ཁོར་ཡུག་བྱེད་ནུས་ཁུལ་7གྱི་2021ལོའི་མཚན་མོའི་ཚད་གཞི་ལོན་ཚད་80.5%དང་ཉིན་མོའི་ཚད་གཞི་ལོན་ཚད་100%ཟིན་ཡོད།

    སྐྱེ་ཁམས་ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

    2021ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་གྱི་དམག་སྦྱོང་ཆེ་མོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ནས། སྣོལ་སྡེབ་ཁྲིམས་འཛིན་ཞིབ་བཤེར་ཁག་4སྒྲིག་འཛུགས་བྱས་ཏེ་སྤེལ་བ་བརྒྱུད། རྫོང་བཞིའི“གྱོད་ཐོ་མི་འགོད་པ་དང་ཆད་པ་མི་གཅོད་པའི”སྣང་ཚུལ་བསལ་བ་དང་། རྫོང་དང་ཆུས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས“ཁྲིམས་འཛིན་བྱེད་མི་ཤེས་པ་དང་། ཁྲིམས་འཛིན་བྱེད་མི་འདོད་པ། ཁྲིམས་འཛིན་བྱེད་མི་ཕོད་པ”སོགས་ཀྱི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད།

    གྲངས་གཞི་ལས་མངོན་གསལ། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཁྱོན་ཁྲིམས་འཛིན་མི་སྣ་མི་ཐེངས་3832བཏང་ནས་ཁེ་ལས་1661ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་བའི་གཏན་འབེབས་ཡི་གེ་356གཤམ་སྤྲོད་བྱས་པ། གྱོད་གཞི་54གྱོད་ཁོངས་སུ་བཅུག་ནས་ཆད་པ་བཅད་པ། དངུལ་ཆད་སྒོར་ཁྲི་487.57ལྷག་ཙམ་བཏང་ཡོད།“12369”ཐད་སྦྲེལ་ཁ་པར་དང་སྡེ་ཚན་གཞན་དག་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་40བདག་སྤྲོད་བྱས་ནས་གྱོད་གཞི་སྒྲུབ་གཉེར་བྱེད་ཚད་100%ཟིན་པ། འཕྲུལ་སྣུམ་རྙིང་པ་ལྕགས་ཟོམ་261གི་ཏུན་44ལྷག་ཙམ་ཁྲིམས་ལྟར་གཞུང་བཞེས་བཏང་བ་དང་གློག་རྫས་རྙིང་པ་648ཁྲིམས་ལྟར་གཞུང་བཞེས་བཏང་ནས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་མ་ཟད། དབང་སྒྱུར་དྲག་པོའི་ཐོག་ནས་སྦགས་བཙོག་བཅོས་སྒྲིག་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཀྱང་བྱས་ཡོད།

    ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། གཞིས་རྩེའི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ཚོད་ལྟ་ཁང་ལ་ཚད་འཇལ་ཁས་ལེན་དཔང་འདོན་གྱི་ཚད་གཞི་ལོན་ནས། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པ་10དང་རང་སྐྱོང་ལྗོངས་ཀྱིས་ཚོད་འཛིན་བྱེད་པ་30ཡི་ས་ངོས་ཆུ་དང་སྒྲའི་ཁོར་ཡུག་བྱེད་ནུས་ཁུལ་སོགས་ཀྱི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་འགན་གྲོང་ཁྱེར་རིམ་པའི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་རང་བརྟེན་ངང་ལེགས་སྒྲུབ་བྱེད་ཐུབ། རྫོང་རིམ་པའི་ལྟ་ཞིབ་ཚད་ལེན་མི་སྣ་4ཡིས་ཁག་ཐེངས་གཉིས་ཀྱི་མཉམ་ཞུགས་སློབ་སྦྱོང་ལེགས་སྒྲུབ་བྱས་པ་མ་ཟད། ས་ཁོངས་8ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་བཙུགས་ནས་རྫོང་དང་ཆུས་18ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་ཁག་བགོས་འགན་འཁུར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།