དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་རིམ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-04-20

     བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ན་ནིང་གི་ལོ་སྨད་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས“རིམ་དབྱེའི་འགན་འཁུར”གྱི་རྩ་དོན་ལྟར། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བཏོད་ཡོད། ལས་དོན་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྤྱི་ཁྱབ་ནགས་དཔོན་གྱི་འགན་འཁུར་བ་དང་། ལྗོངས་ཡོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་འབྲེལ་ཡོད་ལས་དོན་གྱི་སྤྱི་འདོམས་འགན་འཁུར། ནགས་དཔོན་ལམ་ལུགས་ལས་དོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནགས་དཔོན་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སོགས་ལས་དོན་ཁག་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། “ནགས་དཔོན་ལམ་ལུགས”ལ་བརྟེན་ནས“ནགས་ཚལ་སྐྱོང་བར”སྐུལ་འདེད་བཏང་སྟེ་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ཡོད།

    རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ནི་ཕུགས་དང་འབྲེལ་བ་ཡོད་པའི་ལས་དོན་ཞིག་དང་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་ལ་དམིགས་པ་དང་། གཙོ་གནད་ལ་དམིགས་པ། ཚན་རིག་དང་མཐུན་པའི་ངང་འཆར་འགོད། སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ནགས་ཚལ་རྩྭ་ཐང་གི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནགས་ཚལ་རྩྭ་ཐང་གི་སྐྱེ་ཁམས་སླར་གསོར་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱེད་པ་སོགས་ནས་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་དེ་ཉིད་གསེར་རི་དངུལ་རིའི་རིན་ཐང་དུ་འགྱུར་དགོས་ཞེས་བརྗོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2021ལོའི་ཟླ་7ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཁང་དང་སྲིད་གཞུང་གཞུང་དོན་ཁང་གིས《ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས། “ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་སླར་གསོ་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཡོང་བར་བྱེད་པ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པའི་སྲུང་སྐྱོང་གནས་ཀྱི་མ་ལག་བསྐྲུན་པར་ཤུགས་སྣོན་རྒྱག་པ། ནགས་ཚལ་རྩྭ་ཐང་གི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནགས་ཚལ་རྩྭ་ཐང་གི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་བ། འཐུས་སྒོ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ”བཅས་ཕྱོགས་9ཡི་ལས་འགན་གཙོ་བོ་བཏོན་པ་དང་། 2025ལོར་སླེབས་སྐབས། ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་12.51%ཡན་མཐོ་རུ་འགྲོ་བ་དང་། ཤིང་གསོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.8ཟིན་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50%བར་ཟིན་པ། འདམ་ར་སྲུང་སྐྱོང་བྱེད་ཚད་68.75%ཡན་ཟིན་པ། རང་བྱུང་སྲུང་སྐྱོང་ས་ཆས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་བཟུང་ཐུབ་པ་བྱེད་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།