ཟླ་4ཚེས་16ཉིན་གྱི་ཆུ་ཚོད་10པ་ནས་ཆུ་ཚོད་21བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་གོང་ཞུའི་ཡི་གེ་དང་ཁ་པར་གྱི་ཐེར་འདོན་39འབྱོར་བ་དེ་དག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་5དང་འབྲེལ་བ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་28དང་། ཉིང་ཁྲི་གྲོང་ཁྱེར་གྱི་5 ཆབ་མདོ་གྲོང་ཁྱེར་གྱི་4 གཞིས་རྩེ་གྲོང་ཁྱེར་གྱི་1 ནག་ཆུ་གྲོང་ཁྱེར་གྱི་1བཅས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་གནད་དོན་ཁྱོན་46གོང་ཞུ་བྱས་པའི་ནང་རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས་12དང་། སྐྱེ་ཁམས་གཏོར་སྐྱོན་རིགས་9 འཛེར་སྒྲའི་སྦགས་བཙོག་རིགས་8 ཆུའི་སྦགས་བཙོག་རིགས་7 ས་རྒྱུའི་སྦགས་བཙོག་རིགས་7 སྦགས་བཙོག་གཞན་དག་རིགས་3བཅས་ཡོད་པ་རེད།
ཚེས་16ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁྱོན་698ཡོད་པ་ཚང་མ་གོ་རིམ་གཞིར་བཟུང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་རྩིས་སྤྲད་ཟིན་པ་རེད།