ཟླ་4ཚེས་7ཉིན་གྱི་ཆུ་ཚོད་9པ་ནས་21བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་གོང་ཞུའི་ཡི་གེ་དང་ཁ་པར་གྱི་ཐེར་འདོན་37འབྱོར་བ་དེ་དག་གྲོང་ཁྱེར་6དང་འབྲེལ་བ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་24དང་། གཞིས་རྩེ་གྲོང་ཁྱེར་གྱི་4 ལྷོ་ཁ་གྲོང་ཁྱེར་གྱི་4 ཆབ་མདོ་གྲོང་ཁྱེར་གྱི་3 ཉིང་ཁྲི་གྲོང་ཁྱེར་གྱི་1 ནག་ཆུ་གྲོང་ཁྱེར་གྱི་1བཅས་ཡིན་པ་དང་། བསྡོམས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་49གོང་ཞུ་བྱས་པའི་ནང་སྐྱེ་ཁམས་གཏོར་སྐྱོན་རིགས་12དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས་12 འཛེར་སྒྲའི་སྦགས་བཙོག་རིགས་10 ས་རྒྱུའི་སྦགས་བཙོག་རིགས་7 ཆུའི་སྦགས་བཙོག་རིགས་7 འགྱེད་འཕྲོའི་སྦགས་བཙོག་རིགས་1བཅས་ཚུད་ཡོད་པ་རེད།
ཚེས་7ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་357ཚང་མ་གོ་རིམ་ལྟར་གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་རྩིས་སྤྲད་ཟིན་པ་རེད།
གཞན་ཡང་གནས་ཚུལ་འབྱོར་གསལ། ཟླ་4ཚེས་8ཉིན་གྱི་ཆུ་ཚོད་9པ་ནས་21བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་གོང་ཞུའི་ཡི་གེ་དང་ཁ་པར་ནས་ཐེར་འདོན་ཁག་41འབྱོར་བ་དེ་དག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་འབྲེལ་བ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་26དང་། གཞིས་རྩེ་གྲོང་ཁྱེར་གྱི་4 ལྷོ་ཁ་གྲོང་ཁྱེར་གྱི་3 ཉིང་ཁྲི་གྲོང་ཁྱེར་གྱི་3 ཆབ་མདོ་གྲོང་ཁྱེར་གྱི་3 ནག་ཆུ་གྲོང་ཁྱེར་གྱི་1 མངའ་རིས་ས་ཁུལ་གྱི་1བཅས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁྱོན་43གོང་ཞུ་བྱས་པའི་ནང་སྐྱེ་ཁམས་གཏོར་སྐྱོན་རིགས་11དང་། འཛེར་སྒྲའི་སྦགས་བཙོག་རིགས་11 ས་རྒྱུའི་སྦགས་བཙོག་རིགས་8 ཆུའི་སྦགས་བཙོག་རིགས་6 རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས་5 སྦགས་བཙོག་གཞན་དག་རིགས་2བཅས་ཚུད་ཡོད་པ་རེད།
ཚེས་8ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་398ཚང་མ་གོ་རིམ་ལྟར་གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་རྩིས་སྤྲད་ཟིན་པ་རེད།