དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ལྗང་ལྗོན་ཤིང་བཏབ་པས་གཡུ་ཡི་རི་བོ་ཆགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-05

    ཉེ་ཆར། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་འདུ་འགོད་ཀྱི་འགན་གཙང་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོའི་ཤར་གྱི་ཡུག་ཁུལ་གཉིས་པར་འཚོགས་པ་རེད།

    བཀྲ་ཤིས་ནི་དཔལ་སྡིངས་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་། སྔོ་འགྱུར་རྣམ་གྲངས་ལས་འགོ་ཚུགས་པའི་སྐོར་ཐོས་རྗེས་ཁོང་སྔ་པོ་ནས་ས་གནས་ས་ཐོག་ཏུ་རོགས་རམ་བྱེད་པར་སྐྱོད།

    “ང་ཚོའི་འདི་གའི་རི་བོ་སྔོ་འགྱུར་ལ་ཤུགས་སྣོན་རྒྱག་དགོས་པ་གོ་ཐོས་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་། དེ་སྔ་གྲོང་ཚོར་དགུན་དུས་སུ་རྟག་ཏུ་ལྷགས་པ་ཆེན་པོ་བརྒྱབ་ནས་ཐལ་རླུང་ལངས་ལངས་པར་སྡོད་ཀྱི་ཡོད། སྔོ་འགྱུར་བྱས་རྗེས་གྲོང་ཚོའི་ཁོར་ཡུག་དེ་བས་ལེགས་སུ་འགྲོ་ངེས་ཡིན་པ་དང་ང་ཚོའི་འཚོ་བའི་སྤུས་ཚད་ཀྱང་དེ་བས་ལེགས་སུ་འགྲོ་ངེས་རེད”ཅེས་བཀྲ་ཤིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གསར་འགོད་པར་བཤད།

    དཔལ་སྡིངས་གྲོང་ཚོ་ནས་ནུབ་ཏུ་ཕལ་ཆེར་སྤྱི་ལེ་10སོང་རྗེས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་རྣམ་གྲངས་གལ་ཆེན་གཞན་ཞིག་སྟེ་བུམ་པ་རིར་འབྱོར་གྱི་ཡོད།

    2020ལོར་ནགས་བཟོའི“སྔོན་འཛུགས་རྗེས་གསབ”ཀྱི་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་ནས་ད་ལྟའི་བར་བུམ་པ་རི་སྔོ་འགྱུར་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ་དང་རི་སྟེང་དུ་གསོམ་ཤུག་ཀྲོང་ངེར་སྐྱེས་ཏེ་སྐྱེ་ཁམས་སླར་གསོ་ཡག་པོ་བྱུང་ནས་བུམ་པ་རི་ཡོངས་ལ་གསོན་ཤུགས་རྒྱས་བཞིན་ཡོད།

    2012ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་སྔོ་འགྱུར་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཤིང་། ཤིང་འཛུཌ་ནགས་གསོ་དང་། ལམ་བཟོ་བ། མཚེའུ་ལྗོངས་གཏོད་པ་བཅས་བརྒྱུད་རི་བོ་དེ་ཉིད་ས་རྒོད་ཅིག་ནས་མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་ཏུ་གྱུར་ཏེ་ལྷ་སའི་གྲོང་མིས་སྤྲོ་གསེང་རོལ་རྩེད་དང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་པའི་དྲ་ཐོག་མིང་ཅན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།