དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་དངོས་བདེ་འཇགས་ཀྱི་མཐིལ་རྟོགས་གྲལ་བཤེར་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། 《རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དང་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང་དེ་བཞིན་སྐྱེ་དངོས་བདེ་འཇགས་ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་དང་། ཐབས་མང་མཉམ་སྤྱོད། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། སྐྱེ་དངོས་བདེ་འཇགས་ཀྱི་མཐིལ་རྟོགས་གྲལ་བཤེར་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཆེད་ལས་རུ་ཁག་གི་འགོག་བཅོས་དང་མང་ཚོགས་ཀྱིས་རང་སྲུང་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཔྱིད་ཀྱི་ལོ་མའི་སྲིན་འབུ་དང་སྦྱར་པའི་གནོད་འབུ་སོགས་གནོད་ཡོད་སྐྱེ་དངོས་འགོག་བཅོས་འོས་འཚམ་བྱས་ནས། སྐྱེ་དངོས་འགོག་བཅོས་བྱ་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། སྙི་བཟོས་ཏེ་བྱི་བ་བཟུང་བར་བརྟེན་ནས་སྐྱེ་ཁམས་མ་ལག་གི་རང་ངོས་བསྐྱར་གསོའི་ནུས་པ་ཆེ་རུ་བཏང་ཡོད། རི་རྒྱ་བསྡམས་པ་དང་། ཁ་གསབ་འདེབས་འཛུགས། ཆུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་བྱི་བ་དང་རི་བོང་གི་གནོད་འཚེ་འགོག་བཅོས་ཀྱི་ཞིང་སྨན་གསར་པ་གདམ་གསེས་དང་ལག་རྩལ་གསར་པ་ཚོད་ལྟ་བྱས་ནས་ལག་རྩལ་གྲབས་གསོག་ཡག་པོ་བྱས་ཏེ་བྱི་བ་དང་རི་བོང་གི་གནོད་འཚེ་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ཡོད། ཆ་ག་པ་འགོག་བཅོས་ཀྱི་འགག་རྩའི་དུས་སྐབས་སུ་ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། ཞིང་ལས་དང་གྲོང་གསེབ་ཅུས་སོགས་སྡེ་ཚན་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འགོག་མཉམ་འཛིན་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ས་མ་འབྲོག་དང་ནགས་མ་རྩྭ་གནས་ཁུལ་དུ་གཙོ་གནད་མཉམ་བཤེར་མཉམ་བཅོས་བྱས་ནས་ལས་དོན་མཐུན་སྦྱོར་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱས་ཏེ་སྐྱེ་དངོས་ཀྱི་གནོད་འཚེའི་གྱོང་གུན་མི་ཕོག་པ་བྱེད་གང་ཐུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།