དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་ཁམས་ཁོར་ཡུག་སྐོར་ལ་བསམ་འཆར་ཡོད་ན་འདིར་ཐེར་འདོན་བྱེད་ཆོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-30

    ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་ཡིག་སྐུར་ངོ་བཅར་ཁག་ཅིག་རྩིས་སྤྲད་པ། 

    ཟླ་3ཚེས་27ཉིན་གྱི་ཆུ་ཚོད་9པ་ནས་21པའི་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་གོང་ཞུའི་ཡི་གེ་དང་ཁ་པར་གྱི་ཐེར་འདོན་21འབྱོར་བ་ཚང་མ་རང་ལྗོངས་ལ་རྩིས་སྤྲད་ཅིང་། གྲོང་ཁྱེར་3དང་འབྲེལ་བ་ཡོད་པ་དེ་དག་ལྷ་ས་གྲོང་ཁྱེར་གྱི་18དང་། ཉིང་ཁྲི་གྲོང་ཁྱེར་གྱི་2 ནག་ཆུ་གྲོང་ཁྱེར་གྱི་1བཅས་ཡིན་པ་དང་། ཁྱོན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་26གོང་ཞུ་བྱས་པའི་ནང་། འཛེར་སྒྲའི་སྦགས་བཙོག་རིགས་ཀྱི་གནད་དོན་8དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་རིགས་ཀྱི་གནད་དོན་6 ས་རྒྱུའི་སྦགས་བཙོག་རིགས་ཀྱི་གནད་དོན་5 སྐྱེ་ཁམས་གཏོར་སྐྱོན་རིགས་ཀྱི་གནད་དོན་4 ཆུའི་སྦགས་བཙོག་རིགས་ཀྱི་གནད་དོན་1 དེ་མིན་གྱི་སྦགས་བཙོག་རིགས་ཀྱི་གནད་དོན་2བཅས་ཚུད་ཡོད་པ་རེད།

    མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེར་འདོན་བདག་སྤྲོད་བྱེད་སྟངས་སྐོར་གྱི་སྤྱི་བསྒྲགས།

    བཀོད་སྒྲིག་ལྟར་ན་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པའི་བཅའ་སྡོད་ལྟ་བཤེར་དུས་ཡུན་ཟླ་བ་གཅིག་ཡིན་ཞིང་། བཅའ་སྡོད་བྱེད་རིང(2022ལོའི་ཟླ་3ཚེས་25ཉིན་ནས་ཟླ་4ཚེས་25ཉིན་བར་ཡིན་པ)ཆེད་དོན་ལས་རེས་ཁ་པར་0891-6387000དང་ཆེད་དོན་སྦྲག་སྲིད་ཡིག་སྒམ(བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྦྲག་སྲིད་ཡིག་སྒམ་A007)བཙུགས་ཡོད་པ་དང་། ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ཉིན་རེའི་ཆུ་ཚོད་9པ་ནས་21བར་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།