དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-27

    1833068_yis_1648310400000_s.jpg

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་རྒྱུག་པའི་ཆུ་བོ་དང་མཚེའུ་དྭངས་ཤིང་གཙང་ལ་ཆུ་སྤུས་ལེགས་པ།

    (གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་པར་མཁོ་འདོན་བྱས། 2018ལོའི་ཟླ་11ཚེས་8ཉིན་པར་བླངས)

    ★2021ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་གླེང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་ཆུ་འགོ་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཡག་པོ་འཁུར་དགོས་པའི་ནན་བཤད་གནང་བ་རེད།

    ★མཚོ་སྔོན་གྱིས་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་སྒྲིག་སྲོལ་གྱི་བཀག་རྒྱ་ལས་སྒྲོལ་བ་དང་། “འབྲུག་དགུ་ཆུ་བཅོས”ལ་འགྱུར་ལྡོག་གཏོང་བ། “གདུང་བཞི་ཀ་བརྒྱད”འཛུགས་པ། སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ“མཚོ་སྔོན་གྱི་ཇུས་གཞི”དང“གཙང་གསུམ་ཆུ་འགོའི་རྣམ་པ”སྐྱེས་སུ་ཕུལ་བ་མ་ཟད། ལོ་ངོ་སྟོང་ཕྲག་རིང་རྩྭ་ཆུ་བཟང་སར་སྐྱས་སྤོ་བའི་འབྲོག་པར་སྐྱེ་ཁམས་ལས་ཕན་པ་ཐོབ་པ་དང“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པ”དངོས་སུ་ཚོར་ཐུབ་ཡོད།

    ★དེ་སྔ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་ནང་རིགས་6གི་སྲུང་སྐྱོང་ཁུལ་15ཡོད་ཅིང་། དེ་ནི་མི་ཐབས་ལ་བརྟེན་ནས་ཁག་བགོས་དང་། རང་ཐག་རང་གཅོད། ཡུག་ཁུལ་དོ་དམ། ཕན་ཚུན་མཉམ་འདྲེས་མི་བྱེད་པ་བཅས་ཡོད་པས་དོ་དམ་སྒྲིག་སྲོལ་གྱི་ཞན་ཆ་མངོན་གསལ་དོད་པོ་ཡོད། སྐྱེ་ཁམས་དོ་དམ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་སྤྲད་པའི་ཚོད་ལྟའི་ལས་འགན་ཆེ་གྲས་ལྔའི་གྲས་ཤིག་ཡིན་ལ་དཀའ་གནད་ཆེ་ཤོས་ཤིག་ཀྱང་རེད།

    ★གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་རྒྱལ་ནང་གི་ཨང་དང་པོ་མང་པོ་ཐོབ་པ་སྟེ། ནགས་ས་དང་། རྩྭ་ཐང་། འདམ་ར། ས་ངོས་ཀྱི་ཆུ་བཅས་ཐོན་ཁུངས་ཆེན་པོ་བཞིའི་གདིང་གཞིའི་སྙན་ཞུ་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་དང་། རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་གྱིས་ཐོ་འགོད་ལེགས་སྒྲུབ་དང་པོ་བྱས་པ། ས་གནས་ཁྲིམས་འཛུགས་ཀྱིས་བཟོས་པའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དང་པོ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་བཅས་རེད།

    ★“དུད་ཚང་རེར་ལས་གནས་རེའི”སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཀྱི་ལམ་སྲོལ་བཙུགས་པ་དེ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་རེད། “དུད་ཚང་རེར་ལས་གནས་རེའི”རྩ་དོན་གཞིར་བཟུང་གླིང་ཁུལ་ནང་གི་དུད་ཚང་རེར་སྐྱེ་ཁམས་བདག་སྐྱོང་བ་རེ་ཡོད་པ་བྱས་པར་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་21600བྱུང་ཡོད། དེས་འབྲོག་པ་ཚོ་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པ་དང་ཆབས་ཅིག་སྲུང་སྐྱོང་གི་ཁེ་སྤོགས་མཉམ་སྤྱོད་ཐུབ་ནས་འབྲོག་པ་ཚོ་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་དང་ཕན་པ་ཐོབ་མཁན་དུ་རིམ་བཞིན་གྱུར་ཡོད།

    ★རྣམ་སྲས་རོང་ཆེན་དུ་བཅར་འདྲིར་སྐྱོད་སྐབས་འབྲོག་པ་ཞིག་གིས“ང་ཚོ་སྐྱེ་ཁམས་བདག་སྐྱོང་བ་ནི་ཆར་ཐིགས་རེ་རེ་དང་འདྲ་བར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་རྒྱ་མཚོའི་ནང་འདུས་ཡོད”ཅེས་བཤད།

    ★2020ལོའི་ཟླ་8པར་རྒྱལ་ཁབ་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་ཁྱད་ཆོས་དང་། རིག་གནས་ཁྱད་ཆོས། དོ་དམ་ཁྱད་ཆོས་བཅས་རགས་ཙམ་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།

    1833076_yis_1648310400000_s.jpg

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་མཛེས་ལྗོངས་ལྟ་ན་སྡུག་པ(2016ལོའི་ཟླ་8ཚེས་20ཉིན་པར་བླངས) གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།

    1833070_yis_1648310400000_s.jpg

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག(2021ལོའི་ཟླ་10ཚེས་21ཉིན་པར་བླངས)

    1833078_yis_1648310400000_s.jpg

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་གི་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཀླུ་ནག་གྲོང་ཚོའི་སྐྱེ་ཁམས་བདག་སྐྱོང་རུ་ཁག་གི་ཚོགས་ཆུང་བདུན་པའི་རུ་མིས་མཚོ་སྔོ་རེངས་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ (2018ལོའི་ཟླ་12ཚེས་2ཉིན་པར་བླངས) 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།