གསར་འགོད་པར་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། 2021ལོར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ལ་རྒྱལ་ཁབ་ཀྱི་ཁག་ལྔ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་དཔྱད་འདེམས་ལས་དོན་སྤེལ་རིང་། སྐྱེ་ཁམས་ཁོར་ཡུག་པུས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ལ་བདམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་རྫོང་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དཔེ་སྟོན་རྫོང་གི་ཆ་ནས། ཀོང་པོ་རྒྱ་མདའ་རྫོང་གིས་ཉེ་བའི་ལོ་ཤས་རིང་། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་ནས་རང་བྱུང་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ། རྨོ་བསྐྱུར་ནགས་གསོ་རྩྭ་གསོ་དང་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་བཙུགས་པས། ད་ཆ་ཀོང་པོ་རྒྱ་མདའ་རྫོང་སྔོ་ཐིང་ཐིང་དུ་གྱུར་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2020ལོར། ཀོང་པོ་རྒྱ་མདའ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་76%བཟུང་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་མཚམས་འབྱེད་ངེས་རྟགས་ཚོད་ལྟའི་རྫོང་དུ་གྱུར་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་62%བཟུང་ཡོད་པ་རེད།
དེ་དང་ཆབས་ཅིག ཀོང་པོ་རྒྱ་མདའ་རྫོང་གིས་ད་དུང་མི་དམངས་ལྟེ་བར་མཐའ་འཁྱོངས་བཟུང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག སྐྱེ་ཁམས་དམངས་ཕན་འདུ་འགོད་སྤེལ་བ་བཅས་བྱས་ཏེ། མང་ཚོགས་ལ་ཕན་པ་མང་པོ་བསྐྲུན་ཡོད་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། ཀོང་པོ་རྒྱ་མདའ་རྫོང་གི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལོ་ཁོར་མོར་ཚད་གཞི་རིམ་པ་དང་པོ་རྒྱུན་འཁྱོངས་ཐུབ་ནས་གནམ་གཤིས་ཡག་པོ་བསྟན་པའི་ཉིན་གྲངས་100%ཟིན་ཡོད་པ་དང་། ས་ངོས་ཆུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་ཚང་མའི་ཆུ་སྤུས་ཚད་གཞི་རིགས་Ⅲལོན་པའམ་དེ་ལས་ལྷག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་གཉིས་ཀྱི་ཆུ་སྤུས་ཚད་གཞི་རིགས་Ⅱལོན་པ། གྲབས་འཇོག་འཐུང་ཆུའི་ཆུ་འགོ(ས་འོག་ཆུ)གཅིག་གི་ཆུ་སྤུས་ཚད་གཞི་རིགས་Ⅰལོན་ནས། 2020ལོའི་སྐྱེ་ཁམས་ཁོར་ཡུག་སྟོན་གྲངས་55.96ཟིན་པས། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུས་དྭངས་གཙང་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་ཁག་དང་པོར་བདམས་པ་རེད།