དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-25

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཞབས་ཞུ་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་ནུས་ལྡན་ངང་མཐོ་རུ་ཕྱིན་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ལོ་གཉིས་བསྟུད་མར་དཔྱད་ཞིབ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ནས་ལྗོངས་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཚང་མ་ལེགས་ཤོས་སུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ངང་ཡག་པོ་རྒྱག་ཆེད། རང་ལྗོངས་ཀྱིས་འབྲེལ་ཡོད་ལག་བསྟར་བསམ་འཆར་བཏོན་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ཏེ་ཁག་ཐེངས་གསར་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་བདུན་ཕྱོགས་ཡོངས་ནས་བརྒྱབ་པ་ཡོད། གནམ་སྔོན་པོ་དང་། ཆུ་དྭངས་བ། ས་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་རྒྱུན་མཐུད་གཏིང་ཟབ་ངང་ཡག་པོ་རྒྱག་པ་དང་། ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་། ཆུ་འགོའི་ཁུལ་གྱི་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ། གཙང་པོ་དང་ཆུ་འགོ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ། གཙོ་གནད་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་བཅས་རྒྱུན་མཐུད་ངང་ཡག་པོ་རྒྱག་པ། “འགྱིག་རྫས་སྦགས་བཙོག”བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ངང་བརྒྱབ་པ་བཅས་ལ་བརྟེན་ནས་2022ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཁག་ཏན་ཏིག་ངང་དོན་འཁྱོལ་ནུས་ལྡན་ཐུབ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།