མི་རྣམས་ཀྱིས་བོད་ལྗོངས་ལ“འཛམ་གླིང་གི་ཡང་རྩེ”ཞེས་བརྗོད་བཞིན་ཡོད་པས། དེས་ན་མངའ་རིས་ལ“བོད་ལྗོངས་ཀྱི་ཡང་རྩེ”ཞེས་བརྗོད་ཆོག བོད་ལྗོངས་མངའ་རིས་ནི་མི་རྣམས་ཀྱི་རེ་སྨོན་བྱེད་ས་ཞིག་ཡིན་ཏེ། གནས་དེ་རུ་གངས་རིན་པོ་ཆེ་དང་། ཇོ་མོ་གླང་མ། མ་ཕམ་གཡུ་མཚོ་སོགས་འཛམ་གླིང་རིམ་པའི་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་གནས་དང་། འཛམ་གླིང་གི་ས་བབ་ཆེས་མཐོ་བའི་འདབ་ཆགས་ཀྱི་གླིང་ཕྲན་ཡང་ཡོད། དཔྱིད་ཟླ3པར་མངའ་རིས་སུ་བསྐྱོད་སྐབས། གནས་དེ་རུ་གངས་འཁྱགས་ཡོད་པ་མ་ཟད་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་ཞིང་ཁམས་ཀྱང་མཐོང་ཐུབ།