ཉེ་ཆར། སྙེ་མོ་རྫོང་གཞུ་སྨད་ཤང་གིས་དང་བླངས་པ་སྐུལ་སློང་བྱས་ཏེ“ལོ་གསར་པར་རྣམ་པ་གསར་པ། ཁོར་ཡུག་སྲུང་སྐྱོང་ལ་ང་ཚོ་ཚང་མས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། དང་བླངས་པ་ཉི་ཤུ་ལྷག་ཙམ་གྱིས་ལས་བྱེད་ལས་བཟོའི་ཉལ་ཁང་དང་། སྲིད་གཞུང་གི་སྒོ་ར། གཞུང་ལས་ཐོག་ཁང་། ལག་རྩེད་སྤོ་ལོའི་ཐང་བཅས་གཙང་སྦྲ་བྱེད་དཀའ་ས་དང་གཙང་སྦྲ་བྱེད་ཉུང་ས་དག་ལ་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་གཙང་འཕྱག་བྱས་པ་དང་། གཙང་སྦྲ་དོད་པོ་མེད་པའི་གཞུང་ལས་ཁང་དང་བར་ཁྱམས་ཁག་གཅིག་ལ་སྒོ་རྩར་བསྐྱོད་དེ་དྲིལ་བསྒྲགས་བྱས་པ་རེད། ད་ཐེངས་ཀྱི་གཙང་འཕྱག་བྱེད་སྒོ་ཆེ་མོའི་ཁྲོད། ས་ཆ་20ཡི་གད་སྙིགས་གཙང་འཕྱག་བྱས་པ་དང་། གད་གཞོང་6གཙང་མ་བཟོས་པ། གཙང་སྦྲ་བྱེད་དཀའ་ས་7ལ་གཙང་འཕྱག་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རྒྱ་ཆེའི་ལས་བྱེད་ལས་བཟོའི་འཚོ་བ་དང་ལས་ཀའི་ཁོར་ཡུག་ལ་སྔར་ལས་ལྷག་པའི་ལེགས་བཅོས་བྱུང་བ་དང་ཁོང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ལ། རྒྱ་ཆེའི་དང་བླངས་པས་འབོད་སྐུལ་དང་ལེན་དང་དེར་ཞུགས་འདོད་ཆེན་པོ་བྱེད་པས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་བཟང་པོ་ཤིག་ཀྱང་བཏོད་ཡོད་པ་རེད།