དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡར་ཀླུང་གཙང་པོའི་རོང་ཆེན་དུ་ཤ་གཟན་སྲོག་ཆགས་ཀྱི་རིགས་མང་པོ་ས་ཁོངས་གཅིག་ཏུ་མཉམ་དུ་གནས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དམངས་ཁྲོད་རང་བྱུང་སྲུང་སྐྱོང་སྒྲིག་གཞིའི་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་འགན་འཁུར་བའི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་རྣམ་གྲངས་ཀྱི་ལོ་དང་པོའི་བརྟག་དཔྱད་ལེགས་གྲུབ་ཟིན་ནས་བསྡོམས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་14དང་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་22ཟིན་ཐོར་བཀོད་ཐུབ་ཡོད། ས་ཆ་མང་པོ་ཞིག་ནས་གསའ་དང་འཕར་བ་སོགས་ཤ་གཟན་སྲོག་ཆགས་ཀྱི་རིགས་མང་པོ་ས་ཁོངས་གཅིག་ཏུ་གནས་པ་པར་བླངས་ཡོད་པ་རེད།

    2020ལོའི་ཟླ་10པ་ནས་2021ལོའི་ཟླ་11པའི་བར། ས་ཁོངས་དེའི་འདབ་ཆགས་སྣ་མང་རང་བཞིན་གྱི་གྲངས་གཞིར་བརྟག་དཔྱད་དང་ཁ་གསབ་བྱ་ཆེད། བརྟག་དཔྱད་མི་སྣས་སྲུང་སྐྱོང་ཁུལ་གྱི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དང་། སྤོ་བོ་རྫོང་། སྨན་གླིང་རྫོང་བཅས་སུ་ས་བབ་མི་འདྲ་བའི་ཁུལ་6བདམས་ནས་དམར་ཕྱིའི་པར་ཆས་80བཙུགས་པ་རེད།

    2021ལོའི་ཟླ་11པའི་བར། དམར་ཕྱིའི་པར་ཆས་ཀྱིས་བསྡོམས་རི་སྐྱེས་སྲོག་ཆགས་རིགས་80པར་བླངས་པ་དེའི་ནང་གཅན་གཟན་རིགས་36དང་འདབ་ཆགས་རིགས་44ཚུད་ཡོད་པ་དང་དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་14ཡོད། གཞན་ཡང་ད་དུང་དེ་སྔོན་གྱི་ས་ཁོངས་9ཡི་དམར་ཕྱིའི་པར་ཆས་ཀྱིས་པར་ལེན་མ་ཐུབ་པའི་རིགས་ཀྱང་པར་ལེན་ཐུབ་ཡོད་པ་རེད།

    བརྟག་དཔྱད་ལས་མངོན་པར། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁོངས་ཤིག་ཡིན་པ་དང་གནས་མང་པོ་ཞིག་ནས་གསའ་དང་འཕར་བ་སོགས་ཤ་གཟན་སྲོག་ཆགས་ཀྱི་རིགས་མང་པོ་ས་ཁོངས་གཅིག་ཏུ་གནས་པ་པར་བླངས་ཡོད་པ་རེད། དེ་གའི་ཆ་ཚང་བའི་ནགས་ཚལ་སྐྱེ་ཁམས་མ་ལག་གིས་འདུས་ཚད་མཐོ་བའི་རྨིག་པ་ཅན་གྱི་སྲོག་ཆགས་འཚོ་གནས་ལ་འདེགས་སྐྱོར་བྱས་ཏེ་ཤ་གཟན་སྲོག་ཆགས་ལ་བཟའ་བཅའ་དང་། འཚོ་གནས། རྒྱུད་སྤེལ་བཅས་ཀྱི་ཁོར་ཡུག་བསྐྲུན་པ་མ་ཟད། ད་དུང་ས་ཁོངས་དེ་གའི་རྩེར་སོན་ཤ་གཟན་སྲོག་ཆགས་ཀྱི་ཁྱུ་ཚོགས་བརྟན་པོ་ཡོང་བའི་འགན་ལེན་ཡང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།