དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

     ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་དང“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་པ་དང་། ཆབ་མདོའི་ད་ཡོད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ཏན་ཏིག་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཏན་ཏིག་སྤེལ་བ་རེད།

    2021ལོར་ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“མཚམས་མི་འཇོག་པ་བཞིའི”བླང་བྱར་ནན་པོར་གཞིགས་ཏེ། སྐྱེ་ཁམས་རོགས་སྐྱོར་སྲིད་ཇུས་བརྟན་པོ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལས་གནས་གནད་སྨིན་བགོ་བཤའ་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ལས་གནས་སུ་མི་ཁྲི་1.85འདེམས་གཏོང་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གྲོང་ཁྱེར་དང་། རྫོང་། ཆུས་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཀོད་འདོམས་པུའུ་བཙུགས་ནས་རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས“ཆབ་མདོ་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་གཏན་འགོག་བཅུ”བཟོས་ནས་བཀྲམ་པ་རེད། འཕྲལ་སྡོམ་དང་། སྤྱི་བདེ། ནགས་ཚལ་མེ་ཟོན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད།

    “མེ་ཟོན་ཨང་རྟགས”བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་ནགས་ས་དང་། སྲུང་སྐྱོང་ཁུལ། ནགས་ཚལ་སྤྱི་གླིང་བཅས་སུ་སྦྱར་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྣ་ཚོགས་སྤེལ་ཚུལ“དྲ་སྦྲེལ+ནགས་ཚལ་མེ་ཟོན་ལྟ་བཤེར་ཆ་འཕྲིན་མ་ལག”ཏུ་ཐོ་འགོད་ཧུར་ཐག་བྱས་པས་ཞིབ་བཤེར་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    གཞན་ཡང་ད་དུང“བློ་རིག+”ཀྱི་འཕྲིན་ཐུང་ལས་སྒོ་གཉེར་ཏེ་ལས་རིགས་ཁག་གི་མི་སྣ་ཆབ་མདོའི་སྤང་མདའ་དང་། ར་འོག་མཚོ། ཁ་རུབ་ཆུས་སོགས་གཙོ་གནད་ནགས་ཁུལ་དང་རྩྭ་ཐང་བརྒྱུད་སྐབས་དྲན་སྐུལ་འཕྲིན་ཐུང་བསྐུར་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།