དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་ཁམས་སྲུང་སྐྱོང་ཆེ་མོར་དམིགས་ནས་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས། ལྗང་མདོག་གི་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བས། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་གྲོས་བསྡུར་འཁྲུག་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    ལྷུན་རྩེ་རྫོང་དུ་དུས་རབས་གོང་མའི་ལོ་རབས་60པའི“གླ་ཚེར་སྙིང་སྟོབས”ལས་མི་རྣམས་ལ་མདུན་སྐྱོད་བྱེད་པའི་བློ་སྟོབས་འཕེལ་ཏེ་ལྷུན་རྩེའི་ལུང་ཤུར་དུ་སྤྱི་ལེ་40ལྷག་ཙམ་གྱི“ལྗང་མདོག་ལྕགས་རི་རིང་པོ”བསྐྲུན་པས། “བྱེ་རླུང་ལྡང་ནས་གང་སར་ཐལ་བས་ཁེངས་པ”དང“ཉིན་གཅིག་ནང་ངོ་གདོང་ཐལ་བས་ཐེངས་གཉིས་གསུམ་འཚོས་པ་མ་ཟད། ད་དུང་དགོང་མོར་ཡང་ཐལ་བས་འཚོས་པའི”རྣམ་པ་དང་ལོ་གཅིག་རིང་ཟླ་བ་8ཙམ་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་པའི་སྣང་ཚུལ་ལ་རྦད་དེ་འགྱུར་ལྡོག་བྱུང་ནས། སྔོ་ལྗང་དུ་འགྱུར་བའི་ལྷུན་རྩེར་མང་ཚོགས་མགྱོགས་མྱུར་ཕྱུག་པོའི་ལམ་དུ་སྐྱོད་བཞིན་ཡོད་པ་རེད།

    “ལྗང་མདོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་མེད་དུ་མི་རུང་བའི་རེ་འདོད་ཅིག་རེད། རྒན་རབས་པ་ཚོའི་སྙིང་སྟོབས་དང་མི་རབས་གསར་པའི་འགན་འཁྲི་ལས་ལྷུན་རྩེའི་ལུང་ཤུར་ལ་སྔོ་ལྗང་གིས་ཁེངས་ལ། ལྷུན་རྩེའི་ལུང་ཤུར་སྔོ་ལྗང་དུ་གནས་པའི་རེ་བ་དང་འབྱུང་འགྱུར་ཡང་བཏོད་ཡོད། གོམ་སྟབས་རྗེས་མར་ང་ཚོས་ནགས་བཟོའི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་བ་དང་། སྤུས་ལེགས་ཀྱི་གླ་ཚེར་སྡོང་ཕྲུག་ཧུར་ཐག་འདེབས་པ། གླ་ཚེར་ཤིང་འབྲས་ཀྱི་ལས་སྣོན་དང་ཐོན་ལས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱེད་པ་བཅས་བྱས་ནས། ཞིང་འབྲོག་པར་འབབ་འཕར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་ཀ་ཆར་པ་ཆུ་གྲོགས་ཡོང་བ་བྱ་རྒྱུ་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བས་བརྗོད།

    2021ལོའི་ཟླ་6པར་བོད་ཀྱི་ནུས་རྒྱུ་གཙང་མའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་དང་ནུས་རྒྱུ་གཙང་མའི་གསར་གཏོད་འཕེལ་རྒྱས་ལྟེ་གནས་ཉིང་ཁྲི་གྲོང་ཁྱེར་དུ་བཙུགས་ཤིང་། དེ་ནི་བོད་དང་རྒྱལ་ཁབ་གློག་དྲ་ཀུང་སིའི“ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར”གྱི་བྱ་སྤྱོད་ཇུས་གཞི་མཚོ་བོད་ས་མཐོར་དོན་འཁྱོལ་བྱས་ནས་སྐུལ་འདེད་བཏང་བའི་ནང་དོན་གལ་ཆེན་ཞིག་ཡིན། དེའི་ཐོག་ནས་རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཁ་ཕྱོགས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ཞིབ་འཇུག་ལས་སྟེགས་ཐོག་མར་བསྐྲུན་པ་མཚོན་གྱི་ཡོད།

    ཀྲུང་གོ་གློག་ཤུགས་འཛུཌ་སྐྲུན་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སིའི་མཐོ་རིམ་ལག་རྩལ་ཆེ་མོ་བ་རྒན་པ་ཀྲང་ལན་མིང་གིས། དེ་ནི་ཀྲུང་གོ་གློག་ཤུཌ་འཛུཌ་སྐྲུན་ཀུང་སིས་བོད་སྐྱོར་བོད་སྐྲུན་མུ་མཐུད་བྱས་ནས། “ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར”གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་རམ་འདེཌ་བྱེད་པའི་བྱེད་ཐབས་གལ་ཆེན་དང་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ཞེས་བརྗོད་པ་རེད།

    གསར་འགོད་པར་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་ནས་ཤེས་རྟོགས་བྱུང་བར། 2025ལོར་སླེབས་སྐབས་བོད་ཀྱི་ཆུ་གློག་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1500ལྷག་ཙམ་ཟིན་རྒྱུ་དང་འོད་ཤུགས་དང་ཉི་ནུས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་1000ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།