དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་ཤེས་དཔལ་མི་ཉམས་གོང་འཕེལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-01

     ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་སྲང་ལམ་བཅོས་སྒྲིག་ཚོགས་ཆུང་བཙུགས་ཚུན། ཁོངས་གཏོགས་ཁུལ་གྱི་སྲང་ལམ་དོན་གཅོད་ཁྲུའུ་9དང་མཉམ་འབྲེལ་བྱས་ནས་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཤིང་། བཅོས་སྒྲིག་བྱས་རྗེས་སྲང་ལམ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    2021ལོ་ནས་བཟུང་། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་སྲང་ལམ་བཅོས་སྒྲིག་བྱ་རྒྱུ་དེ་ལས་དོན་གཙོ་བོར་བཟུང་སྟེ། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་དང་། སྲང་ལམ་སྡེ་ཁུལ། སྤྱི་ཚོགས་ཞབས་ཞུའི་དཔུང་ཁག ཚོང་དུད་ཏང་ཡོན་བཅས་ཕྱོགས་མང་མཉམ་ཞུགས་དང་མཉམ་འཛིན་མཉམ་འདོམས་ཀྱི་མ་ལག་གསར་པ་ཞིག་འཚོལ་ཞིབ་བྱས་ནས་བཙུགས་ཡོད། “སྒོ་མདུན་གྱི་འགན་གཙང་གསུམ”གྱི་ལམ་ལུགས་ཁྱབ་གདལ་བཏང་ཞིང་། ལམ་འགྲམ་ཚོང་དུད་ཀྱི་བྱེད་པོའི་ནུས་པ་གང་ལེགས་བཏོན་ནས་འགན་འཁྲིའི་ཡི་གེ་འཇོག་པའི་བྱ་ཐབས་བརྒྱུད། རང་ཉིད་ཀྱི་ཚོང་ཁང་མདུན་གྱི་ས་ཁོངས་གཙང་སྦྲ་དང་། སྒྲིག་ལམ། སྔོ་ལྗང་བཅས་ཀྱི་དོ་དམ་འགན་འཁྲི་རང་འགུལ་ངང་འཁུར་བ་དང་། གད་སྙིགས་གང་བྱུང་དུ་དབྱུགས་པ་དང་། བཙོག་ཆུ་གང་བྱུང་དུ་འབུད་པ། ལམ་ངོས་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱས་ཡོད། “བཅོས་སྒྲིག་དང་། གཙང་སེལ། ཆད་གསབ། སྔོ་འགྱུར”བཅས་ཀྱི“ཆེད་དོན་བྱ་སྤྱོད་ཆེན་པོ་བཞི”སྤེལ་ནས་གྲོང་ཁྱེར་གྱི་ཤེས་དཔལ་མི་ཉམས་གོང་འཕེལ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།