དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་ས་ཆ་གཉིས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཁག་དང་པོའི་མིང་ཐོའི་ནང་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-15

     ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའི་གཞུང་ཕྱོགས་དྲ་བའི་ཐོག《རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་གི་མིང་ཐོའི་སྐོར་གྱི་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་55རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཁག་དང་པོའི་མིང་ཐོའི་ནང་ཚུད་ཡོད་པའི་ཁྲོད། རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་བོད་བཟོའི་ཁྲོམ་གཞུང་དང་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཁྲོམ་གཞུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚེ་མཆོག་གླིང་བོད་བཟོའི་ཁྲོམ་གཞུང་དེ་འུན་ཤིང་ཀོང་ཇོའི་ཟློས་གར་ཁང་གི་འགྲམ་དུ་ཡོད་པ་དང་ཕོ་བྲང་པོ་ཏ་ལ་རྒྱང་ནས་མཇལ་གྱི་ཡོད། དེར་སྤྲོ་གསེང་རོལ་རྩེད་ཕུད་ད་དུང་ལྷ་སའི་ཡུལ་ལྗོངས་ཧྲིལ་པོ་མཐོང་ཐུབ་པས། ཡུལ་སྐོར་བ་དང་གྲོང་མི་མི་ཉུང་བ་ཞིག་འཆམ་འཆམ་དུ་ཡོང་ནས་དྲན་རྟེན་པར་རྒྱག་གི་ཡོད། “ཚོང་ཁང་ནས་བོད་རིགས་ཀྱི་ཡུལ་སྐོར་ཐོན་ཟོག་འཚོང་བ་མ་ཟད། གཟའ་མཇུག་ཏུ་འཆམ་འཆམ་བྱེད་མཁན་ཡང་མང་པོ་ཡོད་པ་དང་ལྷ་ས་གྲོང་ཁྱེར་གྱི་ཡིད་འོང་མཛེས་ལྗོངས་མཐོང་ཐུབ་པའི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་རེད”ཅེས་གྲོང་མི་ཆོས་འཕེལ་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།