དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ནོར་སྲིད་པུའུ་རྒྱུ་ནོར་དོ་དམ་སིའི་སི་ཀྲང་གཞོན་པ་ལའེ་ཡུང་ཐེན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-13

    ནོར་སྲིད་པུའུ་རྒྱུ་ནོར་དོ་དམ་སིའི་སི་ཀྲང་གཞོན་པ་ལའེ་ཡུང་ཐེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཡོད། མིག་སྔར་ནོར་སྲིད་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་དོ་དམ་ཁོངས་གཏོགས་གཏན་འཁེལ་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པར་གྱོད་དོན་ཐོ་འགོད་བྱས་ཏེ་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    ལའེ་ཡུང་ཐེན་གྱི་ལོ་རྒྱུས་མདོར་བསྡུས།

    ལའེ་ཡུང་ཐེན། སྐྱེས་པ། རྒྱ་རིགས། 1963ལོའི་ཟླ་1པོར་སྐྱེས། ཧྥུའུ་ཅན་ཡུང་ཏིང་བ། 1995ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1983ལོའི་ཟླ་8པར་ལས་ཀར་ཞུགས། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན།

    1983ལོའི་ཟླ་8པ་ནས་1984ལོའི་ཟླ་8པ་བར། ནོར་སྲིད་པུའུ་ཚོང་དོན་དངུལ་རྩ་ནོར་དོན་སིའི་ལས་བྱེད་པ་བྱས།

    1984ལོའི་ཟླ་8པ་ནས་1986ལོའི་ཟླ་12པ་བར། ནོར་སྲིད་པུའུ་ཚོང་དོན་དངུལ་རྩ་ནོར་དོན་སིའི་ཁོའོ་ཡོན་བྱས།

    1986ལོའི་ཟླ་12པ་ནས་1989ལོའི་ཟླ་3པ་བར། ནོར་སྲིད་པུའུ་ཚོང་དོན་དངུལ་རྩ་ནོར་དོན་སིའི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་བྱས།

    1989ལོའི་ཟླ་3པ་ནས་1994ལོའི་ཟླ་9པ་བར། ནོར་སྲིད་པུའུ་ཚོང་དོན་དངུལ་རྩ་ནོར་དོན་སིའི་ཀྲུའུ་རེན་ཁོའོ་ཡོན་བྱས།

    1994ལོའི་ཟླ་9པ་ནས་1998ལོའི་ཟླ་7པ་བར། ནོར་སྲིད་པུའུ་ཚོང་དོན་དངུལ་རྩ་ནོར་དོན་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

    1998ལོའི་ཟླ་7པ་ནས་1999ལོའི་ཟླ་12པ་བར། ནོར་སྲིད་པུའུ་དཔལ་འབྱོར་ཚོང་དོན་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

    1999ལོའི་ཟླ་12པ་ནས་2000ལོའི་ཟླ་6པ་བར། ནོར་སྲིད་པུའུ་དཔལ་འབྱོར་ཚོང་དོན་སིའི་ཕྱོགས་བསྡུས་ལམ་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར། (དེའི་རིང་1993ལོའི་ཟླ་3པ་ནས་2000ལོའི་ཟླ་3པ་བར་ཧུའུ་ནན་ཞིང་ཆེན་ཤིན་ཧྭ་རྫོང་དུ་དབུལ་སྐྱོར་གནས་སྦྱར་གྱི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར)

    2000ལོའི་ཟླ་6པ་ནས་2006ལོའི་ཟླ་9པ་བར། ནོར་སྲིད་པུའུ་ཁེ་ལས་སིའི་ལམ་ལུགས་ཁྲུའུ་ཡི་བརྟག་ཞིབ་པའི་འགན་ཁུར།

    2006ལོའི་ཟླ་9པ་ནས་2010ལོའི་ཟླ་5པ་བར། ནོར་སྲིད་པུའུ་ཁེ་ལས་སིའི་ལམ་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར།

    2010ལོའི་ཟླ་5པ་ནས་2013ལོའི་ཟླ་8པ་བར། ནོར་སྲིད་པུའུ་ཁེ་ལས་སིའི་སི་ཀྲང་གཞོན་པ་རིམ་པའི་ལས་བྱེད་པ་བྱས། (དེའི་རིང་2010ལོའི་ཟླ8པ་ནས་2013ལོའི་ཟླ་8པ་བར་བོད་སྐྱོར་གྱི་མིང་ཐོག་ནས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པའི་འགན་ཁུར)

    2013ལོའི་ཟླ་8པ་ནས་2020ལོའི་ཟླ་12པ་བར། ནོར་སྲིད་པུའུ་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པའི་འགན་ཁུར།

    2020ལོའི་ཟླ་12པ་ནས་ད་བར། ནོར་སྲིད་པུའུ་རྒྱུ་ནོར་དོ་དམ་སིའི་སི་ཀྲང་གཞོན་པའི་འགན་ཁུར། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།