ཉེ་ཆར། ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་ལྗོན་ཤིང་ལ་ཆུ་འདྲེན་པའི་ལས་དོན་སྤེལ་ནས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
དགུན་ཁར་གནམ་གཤིས་སྐམ་ཤས་ཆེ་བས། སྣེའུ་ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་ལྗོན་ཤིང་གི་གསོན་ཚད་ལ་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར་སྣེའུ་ཁྲོམ་གཞུང་གིས་ནགས་སྲུང་བ་74སྒྲིག་འཛུགས་བྱས་ནས། མྱུར་བགྲོད་གཞུང་ལམ་གྱི་གཞོགས་གཉིས་དང་དེ་བཞིན་གྲོང་ཚོའི་མཐའ་འཁོར་གྱི་ལྗོན་ཤིང་ལ་ཆུ་འདྲེན་ཚད་100%ཟིན་ཤིང་། ཐེངས་འདིའི་ལྗོན་ཤིང་ལ་ཆུ་འདྲེན་པའི་ལས་དོན་སྤེལ་ཁྱོན་མུའུ་300ལྷག་ཙམ་ཟིན་པ་དང་། འཚོ་རྟེན་ལས་སྤྲོད་བརྒྱུད་ངལ་ནུས་74ལ་སྐུལ་ཁྲིད་བྱས་པར་མི་རེར་ཉིན་རེར་སྒོར་150རག་ནས། ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་སྒོར་ཁྲི་16.65འཕར་བ་རེད།