དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ཞིང་དྭངས་བའི་རི་ཆུའི་རི་མོ་གསར་པ་བྲིས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-12-12

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དམངས་ཡོངས་ཀྱི་བདེ་སྐྱིད་འབྲེལ་བ་ཡོད། ལོ་མང་རིང་། བོད་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཞག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་གཞིགས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ལེགས་སུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞི་དེ་བས་བརྟན་དུ་བཏང་ཡོད།

    སྐྱེ་ཁམས་ཤེས་དཔལ་ལམ་ལུགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས“དོན་ཆེན་བཞིའི”གྲས་སུ་བརྩིས་ནས་སྤྱི་འདོམས་འཆར་འགོད་བྱས་པས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྱོན་ཡོངས་ཀྱི་ངེས་གནས་སྔར་བས་མངོན་གསལ་དོད་པོ་བྱུང་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུའི་སྐོར་གྱི་སྲོལ་ཡིག》བཏོན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ལྗོངས(ཀྲུང་དབྱང)ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ》སོགས་ཡིག་ཆ་བཟོས་པ་རེད། མིག་སྔར་བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་གཞི་རྟེན་དུ་བྱས་ཡོད། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ། དེ་བཞིན་བྲག་ཡིབ་ཆུས་དང་། གྲོ་མོ་རྫོང་། འདམ་གཞུང་རྫོང་བཅས་གྲོང་ཁྱེར་དང་ས་ཁུལ་5དང་རྫོང་དང་ཆུས་3གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་དུ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་། ལྷུན་རྩེ་རྫོང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད།

    སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ།

    ཉེ་ཆར་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ས་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ“རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དགོས”པ་བརྗོད་དོན་གཙོ་བོར་བྱས་པའི“བོད་ཀྱི་སྐྱེ་ཁམས་ཤེས་དཔལ་ཟླ་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་སྤྲད་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འབྲེལ་ཡོད་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

    སྔར་ནས་ད་བར། བོད་ལྗོངས་ཀྱིས་ཕན་འབྲས་ཆེ་རུ་གཏོང་བ་དམིགས་ཚད་དུ་མཐའ་འཁྱོངས་བཟུང་ནས་ཐབས་ལམ་མང་པོར་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

    ཁོར་ཡུག་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་རིང་བོད་ལྗོངས་ཀྱིས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་ཐབས་མཐའ་འཁྱོངས་བྱས་ནས“དྲ་སྦྲེལ+”དྲིལ་བསྒྲགས་གསར་གཏོད་བྱས་ཡོད། རྒྱལ་དམངས་སློབ་གསོར་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་སློབ་གསོའི་ནང་དོན་ལ་བཅུག་ནས་བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭར་སྐྱེ་ཁམས་ཤེས་དཔལ་གྱི་སློབ་ཚན་བཀོད་སྒྲིག་བྱས་པ་དང་། ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ལ་བརྟེན་ནས་རིགས་ཁག་གི་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གསོ་སྦྱོང་བྱས་པ། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་གཙོ་ཆེའི་དྲ་ཚུགས་དང་། སྐད་འཕྲིན། དཔོད་ཆུང་བཅས་བརྒྱུད་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་ཁྱབ་གདལ་བཏང་བ་རེད།

    “ད་ཆ་ཚང་མས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་ནས་གད་སྙིགས་གང་བྱུང་དུ་མི་དབྱུག་པ་དང་ལྗོན་ཤིང་གང་བྱུང་དུ་མི་གཅོད་པར་ཁྱིམ་ཚང་ཚང་མས་ཡ་རབས་ཁྱིམ་ཚང་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་གྲོང་མི་པ་སངས་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    རང་བྱུང་སྐྱེ་ཁམས་མ་ལག་བརྟན་པོ་རྒྱུན་འཁྱོངས་བྱས་པ།

    “དེ་སྔ་ཡུལ་མིས་ཤིང་སྡོང་བཅད་ནས་འཚོང་གི་ཡོད་པས་ཤིང་སྡོང་ཉིན་རེ་བཞིན་ཉུང་དུ་ཕྱིན་ཏེ་ཕྱི་དྲོ་རྟག་པར་བྱེ་རླུང་གང་སར་ལྡང་བ་དང་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཞན་དུ་ཕྱིན་ཏེ་ཡུལ་མིའི་བདེ་ཐང་ལ་ཉེན་ཁ་བཟོ་གི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་ར་གྲོང་ཚོའི་གྲོང་མི་སྤེན་པས་གསར་འགོད་པར་བཤད། ཉེ་བའི་ལོ་ཤས་རིང་། ཤིང་འཛུགས་ནགས་བཟོ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་ཆབས་ཅིག རླུང་བུ་ལྡང་མ་ཐག་ཐལ་རྡུལ་གྱིས་ཁེངས་པའི་གྲོང་ཚོ་དེ་ད་ཆ་རི་ཀླུང་ཀུན་ཏུ་སྔོ་ལྗང་གིས་བཀླུབས་པའི་གྲོང་ཚོར་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཡོངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་བརྟན་པོ་བྱུང་བ་དང་། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་སླར་ཡང་མང་དུ་ཕྱིན་པ། རྩྭ་ཐང་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། འདམ་རའི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་ཐུབ་ནས་རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་བརྟག་དཔྱད་བྱས་འབྲས་དང་པོ་དང་བསྡུར་ན་ལྗོངས་ཡོངས་ཀྱི་འདམ་རའི་ཐོན་ཁུངས་སྤྱི་ཆིང་ཁྲི་52.42འཕར་ནས་8%འཕར་ཡོད་པ་རེད། སྐྱེ་དངོས་རིགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་གསའ་དང་། གཉན། གནའ་བ་སོགས་གཅན་གཟན་རི་དྭགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རི་སྐྱེས་རྩི་ཤིང་སྐྱེ་འཚར་གྱི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་གྱི་གདོད་མའི་རང་བྱུང་རྣམ་པ་སྤྱིར་ན་རྒྱུན་འཁྱོངས་ཐུབ་ཡོད།

    ད་ཆ་ལྷ་ས་སྐྱིད་ཆུའི་ངོགས་དེ་བས་སྔོ་ལྗང་ཅན་དང་། རྩེད་ཐང་གྲོང་ཁུལ་དུ་བྱེ་རླུང་ལྡང་ཉུང་བ། རྒྱལ་ལམ་318འགྲམ་གྱི་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད། རི་ཀླུང་མཛེས་ཤིང་སྐྱེ་ཁམས་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་བོད་ཀྱི་ས་གཞི་ཆེན་པོར་རིམ་བཞིན་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།