དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷོ་ཁ་གྲོང་ཁྱེར་གྱིས་སྐབས་གཉིས་པའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-10

    ཉིན་ཤས་གོང་། “རིག་གནས་ཡུལ་སྐོར་མཉམ་གཏོད·ལྷོ་ཁའི་ཕྱག་རྟགས”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་བདེ་བླག་ངང་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ལས་བདེ་ཐང་གི་འཚོ་བ་མཚོན་པར་བྱེད་པའི་རིག་གནས་བསམ་བཀོད་ཀྱི་ཡུལ་སྐོར་ཚོང་ཟོག་དམིགས་ཡུལ་གཙོ་བོར་བྱས་ཏེ། ཟངས་རིའི་རྒུན་ཆང་དང་། རྒྱ་ཚའི་སྟར་ཀའི་སྣུམ། སྣ་དཀར་རྩེ་ཡི་ལག་ཤེས་བཟོ་རྩལ་ཐོན་རྫས། ཆུ་གསུམ་ཚུལ་ཁྲིམས་སྤོས་དང་རྩེད་ཐེར་ལག་ཤེས་ཁ་དཀྲིས་སོགས་ལྷོ་ཁའི་ཁྱད་ལྡན་ཐོན་རྫས་གཞི་རྟེན་དུ་བྱས་ནས་རིག་གནས་སྒྱུ་རྩལ་བསམ་བཀོད་བརྒྱུད་ཁྱད་ཆོས་མངོན་གསལ་དོད་ལ་སྒྱུ་རྩལ་གྱི་རང་བཞིན་དང་གོ་ཆོད་རང་བཞིན་གཅིག་ཏུ་འདུས་པའི་ཡུལ་སྐོར་བས་དགའ་པོ་བྱེད་པ་དང་འཁྱེར་བདེ་བའི“ལྷོ་ཁའི་ཕྱག་རྟགས”བཏོད་པ་རེད།

    འཚོལ་བསྡུ་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་འོས་སྦྱོར་དང་འདེམས་སྐྱེལ་བརྒྱུད་ཁྱོན་བསྡོམས་འགྲན་ཞུགས་ཚོང་ཟོག་18ལ་ཐོག་མའི་ཞིབ་དཔྱད་དང་བསྐྱར་ཞིབ་བྱས་པ་མ་ཟད། ལྗོངས་ཕྱི་ནང་གི་རིག་གནས་བསམ་བཀོད་གསར་སྤེལ་ཞིབ་འཇུག་དང་ཁྲོམ་རའི་གཉེར་སྐྱོང་སོགས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མི་གདན་དྲངས་ནས་འགྲན་བསྡུར་ཆེ་མོའི་ཞིབ་དཔྱད་ཚོགས་ཆུང་བཙུགས་ཏེ་ཚོང་ཟོག་འདེམས་སྐྱེལ་བྱས་པར་དཔྱད་འདེམས་བྱས་ཤིང་། ཁྱོན་བསྡོམས་གསེར་གྱི་རྟགས་མའི་བྱ་དགའ་1དང་། དངུལ་གྱི་རྟགས་མའི་བྱ་དགའ་2 ཟངས་ཀྱི་རྟགས་མའི་བྱ་དགའ་3 དྲ་ཐོག་མིང་ཅན་བྱ་དགའ་1 གསར་གཏོད་ཡག་ཤོས་ཀྱི་བྱ་དགའ་1 ས་གནས་ཀྱི་ཁྱད་ཆོས་ལྡན་ཤོས་ཀྱི་བྱ་དགའ་2 ཕུལ་བྱུང་རྩ་འཛུགས་བྱ་དགའ་2 ཕུལ་བྱུང་བྱ་དགའ་6བཅས་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་ཁྱབ་རྒྱ་ཆེ་བ་དང་། ཚོང་ཟོག་རིགས་མང་བ། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་མཐུན་པ་བཅས་བྱུང་བ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྤུས་ལེགས་ཡུལ་སྐོར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་གྱི་ཚོང་ཟོག་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ལ་གཅིག་སྡུད་ཀྱིས་སྦྱོང་བརྡར་བྱས་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།