དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་ཀྱི་རིག་གནས་ཡུལ་སྐོར་མཐོ་རིམ་གླེང་སྟེགས་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-15

    ཉེ་ཆར། བོད་ལྗོངས་ཡུལ་སྐོར་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་ཀྱིས་གཉེར་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་དང་བོད་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་ཀྱི་རིག་གནས་ཡུལ་སྐོར་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ལྷ་སར་འཚོགས་པ་རེད།

    ཚོགས་ཆེན་ཐོག “གསར་གཏོད་འཕེལ་རྒྱས་དང་མཉམ་ཤུགས་གཉིས་ཕན—ཇི་ལྟར་བྱས་ནས་བོད་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ”བརྗོད་དོན་གཙོ་བོར་བཟུང་ཐོག ཚོགས་ཞུགས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་འཐུས་མིས་བོད་ཀྱི་ཡུལ་སྐོར་ལས་རིགས་ཐད་ཀྱི་ལྟ་ཚུལ་གླེང་ཞིང་། སྐྱེ་ཁམས་ཡུལ་སྐོར་དང་། མཚན་སྐོར་དཔལ་འབྱོར། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སོགས་ནས་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་གནས་བབ་དང་མདུན་ལྗོངས་ལ་དབྱེ་ཞིབ་དང་བགྲོ་གླེང་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་དང་། ཁེ་ལས་ཁག་གཅིག་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡང་བཞག་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་མི་འབོར་དང་ཡུལ་སྐོར་ཡོང་འབབ་འཕར་བའི་རྣམ་པ་མངོན་པ་དང་། ཡུལ་སྐོར་ཁེ་ལས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་བྱུང་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་ཡོད། རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་2014ལོར་བཙུགས་ཚུན་དུ། བོད་ཀྱི་ཡུལ་སྐོར་སྲིད་ཇུས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་ཁྱབ་སྤེལ་ཧུར་ཐག་བྱས་པ་དང་ཆབས་ཅིག རང་འགུལ་ངང་ལྗོངས་ཕྱིའི་ཡུལ་སྐོར་ཚོང་འགྲུལ་དང་སྦྲེལ་མཐུད་དང་། ཧྭ་ཆའོ་ཁྲེང་ཚོགས་པ་སོགས་རྒྱལ་ནང་གི་ཕུལ་དུ་བྱུང་བའི་རིག་གནས་ཡུལ་སྐོར་ཁེ་ལས་ཆེ་གྲས་དང་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་ཡང་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཚོང་ཚོགས་སྤྱི་ཚོགས་སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་། ཚོང་ཚོགས་ཀྱིས་ཚོགས་མིའི་ཚན་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དངུལ་དང་དངོས་རྫས་ཀྱི་ཞལ་འདེབས་སྒོར་ཁྲི་100ལྷག་བརྒྱབ་པ་དང་། འདི་ལོར། ཚོང་ཚོགས་ཀྱི་སྒྲིག་འཛུགས་འོག་ཧོ་ནན་སོགས་ལ་ཞལ་འདེབས་སྒོར་ཁྲི་40ལྷག་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།