དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སས“ལྷ་སའི་བྱང་སྐོར་ལམ”གྱི་ཡུལ་སྐོར་མིང་བྱང་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-13

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པའི“2021ལོའི་ལྷ་སའི་བྱང་སྐོར་ལམ་གྱི་རིམ་སྤེལ་དྲིལ་བསྒྲགས་དངོས་སྐྱོད་བྱེད་སྒོ”སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ཐེངས་འདིའི་བྱེད་སྒོའི་ཐོག་ལྷ་སའི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་སྨྱན་སྦྱོར་ཁག་གི་དྲིལ་བསྒྲགས་སྤེལ་གཏོང་དང་། ཡུལ་སྐོར་ཚོང་པའི་ལམ་ཐིག་ཁྱབ་སྤེལ། དྲ་ཐོག་མིང་ཅན་གྱི་ཐད་གཏོང་བཅས་བརྒྱུད“ལྷ་སའི་བྱང་སྐོར་ལམ”གྱི་མཛེས་ལྗོངས་ལམ་ཐིག་རྩེ་གྲའི་སྐད་གྲགས་ཆེ་རུ་བཏང་སྟེ། ལྷ་ས་གྲོང་ཁུལ་དང་དེ་བཞིན་དེའི་མཐའ་འཁོར་གྱི་ལོ་རྒྱུས་རིག་གནས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡུལ་སྐོར་བ་སྔར་བས་མང་པོར་སྟོན་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལྷ་སའི་བྱང་སྐོར་ལམ”ནི་ལྷ་ས་སྐོར་བའི་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་ཅིག་ཡིན་ལ། དེའི་རྒྱུད་དུ་ས་གནས་རང་གི་ཁྱད་ཆོས་ལྡན་པའི་གྲོང་ཚོ་དང་། ཞིང་འབྲོག་ཁུལ། དམངས་ཁྲོད་བཟོ་རྩལ་སོགས་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་། གངས་རི་དང་། འཁྱག་རོམ། མཚོ་མོ། རྩྭ་ཐང་། གྲོག་རོང་། གཤོང་ས་སོགས་རང་བྱུང་མཛེས་ལྗོངས་སྣ་ཚོགས་ཡོད། དེ་ལ་ལམ་ཐིག་གཙོ་བོ་1དང་། ཡན་ལག་ལམ་ཐིག་4 ལམ་ཐིག་ཕལ་པ་2བཅས་ཡོད་པ་དང་། ལམ་ཐིག་ཉེ་འཁོར་གྱི་ས་བབ་མཐོ་ཚད་སྨི་3600ནས་4500བར་ཡོད་པས། ཡུལ་སྐོར་བ་དག་ལ་ཧ་ཅང་འཚམ་པོ་ཡོད། འདི་ལ་མཚོ་བོད་ས་མཐོའི་མཛེས་ལྗོངས་ཕུན་སུམ་ཚོགས་ཤིང་ལམ་ཐིག་ཚགས་དམ་པའི་ལྗོངས་གཟིགས་ལམ་ཐིག་རྩེ་གྲ་ཞེས་འབོད་ཀྱི་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། ལྷ་སའི་ཡུལ་སྐོར་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས“ལྷ་སའི་བྱང་སྐོར་ལམ”གྱི་ཡུལ་སྐོར་ལམ་ཐིག་བཏོད་པ་དང་། རིག་གནས་ཡུལ་སྐོར་མཐོར་འདེགས་ལས་གྲྭ་དང་། གྲོང་གསེབ་ཡུལ་སྐོར་དམངས་ཕྱུག་ལས་གྲྭ རིག་ལྡན་ཡུལ་སྐོར་གྱི་ལས་གྲྭ་སོགས་གཙོ་གནད་ལས་འགན་ལག་བསྟར་བྱས་པ་བརྒྱུད་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “གྲོང་གསེབ་མཛེས་ཤོས”མྱོང་རོལ་ཡུལ་སྐོར་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།