དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཕྱིན་པ་ལས། གངས་ལྗོངས་ས་མཐོར་ཡུལ་སྐོར་ཚ་རླབས་འཕྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-08-14

    བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ། ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པས་གངས་ལྗོངས་ས་མཐོ“བསྐྱར་དར་རྟགས་ཅན”གྱི་དུས་རབས་ལ་དངོས་སུ་སླེབས་ཡོད། མཁའ་འགྲུལ་དང་། ལྕགས་ལམ། རིམ་མཐོའི་གཞུང་ལམ་སོགས་ལས་གྲུབ་པའི་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་དྲ་བར་བརྟེན་ནས་རྣམ་པ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་རྫས་ཟམ་མི་ཆད་པར་བཏོན་ཏེ། བོད་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

    ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་སྤྲིན་སྨུག་འཁྲིགས་པ་ལས་དབྱར་དུས་ཀྱི་བོད་ལྗོངས་ཉིང་ཁྲིར་ཡུལ་སྐོར་གྱི་རྫོགས་ལྡན་དུས་ཚིགས་ཤིག་ཤར་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་སྟོབས་རྒྱལ་ཞོགས་པ་སྔ་པོ་ནས་མལ་ནས་ལངས་ཏེ་རླངས་འཁོར་བཏང་ནས་སྤྱི་ལེ་1ཙམ་གྱི་སར་ཡོད་པའི་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་སྐུ་མགྲོན་ཁག་གཅིག་བསུ་བར་བསྐྱོད།

    སྟོབས་རྒྱལ་གྱིས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་སྐབས“མཁའ་དབྱིངས་ཀྱི་དངུལ་མདོག་གི་ཁུག་རྟ”ཞིག་ལུང་གཞུང་དུ་དམའ་པོར་འཕུར་ནས་གནམ་ཐང་དུ་བབས་པ་ལྟར་སྣང་། འཁོར་ལམ་བཞི་ལྡན་གྱི་ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དེ་གྲོང་ཁུལ་ནས་གནམ་ཐང་བར་སྣུར་སྲིང་བྱས་པ་དང་། ཡར་ཀླུང་གཙང་པོའི་ངོགས་སུ་གསར་དུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པའི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ་ལྷ་ཉིང་ལྕགས་ལམ་དུ“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་ཡོད། ཁོང་སྐྱོད་སའི་ལམ་བུ་དེ་ལས་བོད་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་འཆར་གཞི་མངོན་ཡོད།

    “སྔོན་ཆད་འགྲིམ་འགྲུལ་ཆ་རྐྱེན་ཞན་པས་ཐག་རིང་ལུང་ཁུག་གི་རི་གྲོང་དུ་ཡོང་མཁན་ཉུང་ཉུང་རེད། ད་ཆ་ལྕགས་ལམ་དང་། གནམ་ཐང་། གཞུང་ལམ་བཅས་སྒོ་འགྲམ་དུ་བསྐྲུན་ནས་ང་ཚོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་ཡོད”ཅེས་སྟོབས་རྒྱལ་གྱིས་བཤད། ཁོང་གི་ཁྱིམ་ཚང་མགྲོན་ཁང་དེ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྤང་གྲོང་གྲོང་ཚོར་ཡོད་པ་དང་། ཐུན་མོང་མ་ཡིན་པའི་བོད་བཟོའི་ཐོག་སོ་གསུམ་ལྡན་གྱི་ཁང་པ་དེར་ཁང་མིག་8དང་ཉལ་ཁྲི་12ཡོད་པ་རེད། འདི་ག་ནི་ཡུལ་སྐོར་བ་གནམ་ལྕགས་འབར་བ་དང་ཡར་ཀླུང་གཙང་པོའི་རོང་ཆེན་སོགས་མཛེས་ལྗོངས་ཁུལ་དུ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། ཡུལ་སྐོར་བ་མང་བའི་དུས་སུ་སྟོབས་རྒྱལ་གྱི་ཁྱིམ་ཚང་མགྲོན་ཁང་ལ་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་ཙམ་ཟིན་གྱི་ཡོད།

    སྟོབས་རྒྱལ་སྔོན་ཆད་བྱེ་རྡོ་སྔོག་འདོན་གྱི་ལས་ལ་གཞོལ་བ་དང་། 2018ལོར་ཁོང་གིས་བྱེ་རྡོ་སྔོག་འདོན་འཕྲུལ་ཆས་བཙོངས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ་བོད་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བའི་ལམ་བུའི་ཐོག་སྐྱོད་འགོ་ཚུགས། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པས་སྟོབས་རྒྱལ་དང་བཟའ་ཟླ་བདེ་སྐྱིད་ཀྱིས་གྲོས་བསྡུར་བྱས་ནས་སླར་ཡང་མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་སྟེ། ཁང་མིག་11གསར་སྐྲུན་བྱས་པ་དང་དུས་མཚུངས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཡུལ་ཟོག་ཚོང་ཁང་ཞིག་བཙུགས་ནས་ཡོང་འབབ་ཇེ་མང་དུ་གཏོང་ཐབས་བྱས་པ་མ་ཟད་ཉེ་འཁོར་གྱི་གྲོང་མི་ཁྱིམ་མཚེས་ཚོར་སྣེ་ཁྲིད་ཀྱང་བྱས་ཡོད།

    ཉིང་ཁྲིའི་འགྲིམ་འགྲུལ་གྱི་འགྱུར་ལྡོག་ནི་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པའི་བསྡུས་རིས་ཤིག་རེད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད་བོད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དང་། རིམ་མཐོའི་གཞུང་ལམ། ལྕགས་ལམ། གནམ་ཐང་བཅས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ནས་གངས་ལྗོངས་ས་མཐོའི་རི་མཐོ་གྲོག་རོང་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་བཅས་ཕན་ཚུན་སྦྲེལ་ཡོད། ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་བསལ་ཏེ་ཐོན་སྐྱེད་དང་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་གཏོང་མང་ཤོས་དང་ལེགས་བཅོས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། བོད་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལ་མ་དངུལ་སྒོར་དུང་ཕྱུར་2515ལྷག་ཙམ་བཏང་བ་དེ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་3.7ཡིན་པ་རེད། 2020ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.66ཟིན་པ་དེ་2015ལོའི་ལོ་མཇུག་ལས་48.9%འཕར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་3.83ཟིན་ནས། ཆ་སྙོམས་ལོ་རེར་སྤྱི་ལེ་7660བསྐྲུན་པས་ས་མཐོར་བྱས་རྗེས་ངོ་མཚར་ཅན་བཏོད་པ་དང་ལོ་ལྟར་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གྱི་ལམ་ཚད་བསྡོམས་འབོར་ལས་རིང་བ་ཡོད།

    གཞན་ཡང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་གསར་པ་67ཤར་གཏོང་བྱས་པ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་21མང་དུ་ཕྱིན་པ། ལོ་ལྔའི་རིང་གསར་དུ་ཤར་གཏོང་ཐུབ་པའི་མཁའ་ལམ་གྱི་གྲངས་འབོར་དེ་སྔོན་ཆད་ལོ་50ཡི་བསྡོམས་འབོར་ལས་བརྒལ་བ། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2480ལྷག་ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས་83%འཕར་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་ལྡབ་2.4སོ་སོར་ཟིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན) 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།