དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-05

    882847_yis_1628006400000_s.jpg

    ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་རིང་གཉེར་བའི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་མཁན་ཚོས་ནན་ཏན་ངང་ཡིག་གཟུགས་འབྲི་བ།

    882849_yis_1628006400000_s.jpg

    ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་རིང་གཉེར་བའི་ཞིམ་མངར་ཟས་རིགས་འགྲན་བསྡུར་ལ་ཞུགས་མཁན་ཚོས་ཟ་མ་བཟོ་བཞིན་པ།

    882839_yis_1628006400000_s.jpg

    ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས། སྦྲ་ཆེན་རྫོང་གི་འབྲོག་པ་ཚོས་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

    བོད་བྱང་ཐང་གི་སྐྱིད་སྣང་དོད་ཤོས་ཀྱི་དུས་ཚིགས་སུ་འབྲོག་པ་མང་ཚོགས་ཚོས་དུས་ཡུན་ཉིན་15ཡི་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་མདའ་མོ་ཐང་གི་ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་དུས་ཆེན་བསུས་ཤིང་། དེ་གར་གླུ་ལེན་གར་འཁྲབ་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ནས་མཆིས།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་སྦྲ་ཆེན་རྫོང་གིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་འགོ་ཚུགས་ལོར་གཉེར་བའི་རྩྭ་ཐང་གི་འདུ་འཛོམས་གཟབ་རྒྱས་ཤིག་དང་། དཔལ་འབྱོར་དང་། རིག་གནས། ཡུལ་སྐོར། དམངས་སྲོལ་བཅས་གཞི་གཅིག་མཉམ་གཉེར་དང་སྦྲ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མངོན་པའི་སྲོལ་རྒྱུན་གྱི་འདུ་འཛོམས་གཟབ་རྒྱས་ཤིག་ཀྱང་རེད། སྐབས་འདིའི་སྒྱུ་རྩལ་དུས་ཆེན་ལ“རིག་གནས་བྱེད་སྒོར་བརྟེན་ནས་ཚོང་དོན་གཉེར་བའི”བྱེད་ཐབས་བརྒྱུད་ཚོང་ཟོག་འགྲེམས་སྟོན་དང་ཚོང་འགུགས་མ་འདྲེན་གྲོས་མོལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྦྲ་ཆེན་རྫོང་གི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ངོ་སྤྲོད་དང་། ཡུལ་སྐོར་ཐོན་ཁུངས་ཀྱི་མིང་གྲགས་ཆེ་རུ་གཏོང་བ། ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།

    ཆུ་ཚོད་བཅུ་པར་སྦྲ་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཞབས་བྲོ《བདེ་སྐྱིད་སྦྲ་ཆེན་གྱིས་དུས་ཆེན་གཉིས་དགའ་བས་བསུ》དང་། 《གསེར་མདོག་གི་ལུང་ཤུར》 《དགའ་བའི་ཞབས་བྲོ་ཏང་ལ་འབུལ》 《ངོ་མཚར་ལྡན་པའི་སྦྲ་ཆེན》བཅས་དང་། ཁེར་གཞས《བདེ་སྐྱིད་ཕུགས་འདུན》དང་། 《རྩྭ་ཐང》 《དབྱར་མཚོ་རྒྱས་པའི་བྱང་ཐང》བཅས་དང་དེ་བཞིན་ཚན་སྡེབ་འཁྲབ་ཚན《ཉི་འོད་འཕྲོས་པའི་ཧོར་སྦྲ་ཆེན》སོགས་ལེ་ཚན་ལས་རྒྱ་ཆེའི་སྦྲ་ཆེན་བུ་ཕྲུག་ཚོས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་དུས་རབས་ཀྱི་རྗེས་བསྙེགས་ཏེ་གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་མངོན་པར་བྱས།

    ད་དུང་པར་རིས་འགྲེམས་སྟོན་དང་། རིག་གནས་ཡུལ་སྐོར་གླེང་སྟེགས། ཞིམ་ཟས་འགྲེམས་སྟོན། མེ་ཕུང་མཚན་ཚོགས། དམངས་སྲོལ་འཁྲབ་སྟོན། མངོན་མིན་རིག་གནས་འགྲེམས་སྟོན། ལུས་རྩལ་འགྲན་བསྡུར། སྦྲ་ཆེན་གྱི་རྒྱན་གོས་ངོམས་སྟོན། ཡུལ་སྐོར་ལམ་ཐིག་ངོ་སྤྲོད་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ནས་སྦྲ་ཆེན་རྫོང་གི་ཁྱད་དུ་འཕགས་པའི་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་མངོན་པར་བྱས།

    882845_yis_1628006400000_s.jpg

    ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ལྟད་མོ་བ་ཚོས་ཏང་དར་གཡུག་གཡུག་བྱས་ནས་དགའ་འབོད་བྱེད་བཞིན་པ།

    882843_yis_1628006400000_s.jpg

    ཧོར་སྦྲ་ཆེན་གྱི་སྦྲ་གུར་ནག་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་སྦྲ་ཆེན་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཞབས་བྲོ་འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།