དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-24

    ལྷ་སའི་གྲོང་ཁུལ་རྙིང་པར་ཡོད་པའི་བར་སྐོར་ཁྲོམ་གཞུང་ནི་ལྷ་སའི་ལོ་རྒྱུས་རིང་ཤོས་ཀྱི་ཁྲོམ་གཞུང་ཞིག་རེད། ད་ཆ་མི་རྣམས་ཀྱི་སེམས་སུ་བར་སྐོར་ཁྲོམ་གཞུང་ནི་ཁྲོམ་གཞུང་ཁོ་ན་ཙམ་མིན་པར། དེ་ནི་ལྷ་སའི་གྲོང་ཁུལ་རྙིང་པའི་ཆེས་དཔེ་མཚོན་གྱི་བོད་རིགས་བཟོ་སྐྲུན་གྱི་མཚོན་བྱེད་ཅིག་རེད་ལ། ལྷ་སའི་གནའ་གྲོང་ཧྲིལ་པོའི་མཚོན་བྱེད་ཅིག་ཀྱང་རེད།

    ཟླ་7ཚེས་22ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཚོང་དུད་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། ཡུལ་སྐོར་བར་ཕྱག་གཡུག་གཡུག་གིས་གུས་ལན་ཡང་གནང་བ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཡུལ་ཟོག་ཆེད་ཚོང་ཁང་ཞིག་གི་ལས་མི་ཞའོ་ཀའོ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“སྤྱི་ཁྱབ་ཧྲུའུ་ཅི་མཇལ་མ་ཐག་ངས་རང་དབང་མེད་པར་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་འབོད་དགོས་ཤོར་སོང་། སྐབས་དེ་དུས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བརྗོད།

    ཁྲེང་ཏུའུ་ནས་སླེབས་པའི་ཡུལ་སྐོར་བ་ཧོང་ཡ་ལི་ཡི་ངོས་ནས་བརྗོད་ན། ཟླ་7ཚེས་22ཉིན་ནི་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད།

    “དེ་རིང་ང་བར་སྐོར་ཁྲོམ་གཞུང་དུ་སྐྱོད་སྐབས་། གློ་བུར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ངའི་མདུན་ནས་ཕེབས་པ་མཐོང་བྱུང་བས་ངར་སེམས་འགུལ་ཚད་མེད་ཐེབས་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕྱོགས་ཏེ་ལག་པ་གཡུག་གཡུག་ཡང་ཡང་བྱས་པ་ཡིན”ཞེས་ཧོང་ཡ་ལི་ཡིས་ཕྱིར་དྲན་དང་སྦྲགས་ཏེ་བརྗོད། “ཏང་ཡོན་ཞིག་དང་ཡུལ་སྐོར་བ་ཞིག་གི་ངོས་ནས་མཛེས་སྡུག་ལྡན་པའི་བར་སྐོར་ཁྲོམ་གཞུང་དུ་ང་ཚོའི་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་མཇལ་བ་ནི་ཐོབ་པར་དཀའ་བའི་གོ་སྐབས་བཟང་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་ང་ལ་ཕྱག་གཡུག་གཡུག་གནང་བ་མཐོང་སྐབས་རང་ཉིད་དགའ་ཚོར་ཆེན་པོ་བྱུང་ནས་ཅི་བྱ་གཏོལ་མེད་དུ་གྱུར་སོང་”ཞེས་བརྗོད།

    བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་། རྔམ་བརྗིད་ལྡན་པའི་ཇོ་མོ་གླང་མ། ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་ལ་སོགས་བོད་ཁོ་ནར་མ་གཏོགས་མེད་པའི་ས་མཐོའི་མཛེས་ལྗོངས་དང་གངས་ལྗོངས་རིག་གནས་ཀྱིས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་འགུག་གི་ཡོད། ལོ་ལྟར་གྱི་ཟླ་བ་5པ་ནས་བཟུང་། ཕོ་བྲང་པོ་ཏ་ལ་དང་། གནམ་མཚོ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་སོགས་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པས། བོད་དུ་འགྲོ་འོང་བྱེད་པའི་མེ་འཁོར་སྤ་སེ་དང་། གནམ་གྲུའི་སྤ་སེ། དེ་བཞིན་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་སོགས་ཧ་ཅང་དཀོན་པོ་ཡོད་པ་ལས་བོད་ཀྱི་ཡུལ་སྐོར་ལས་རིཌ་ཚ་ཚ་འུར་འུར་ངང་འཕེལ་རྒྱས་འགྲོ་བཞིན་པ་མཐོང་ཐུབ།

    ལས་རིགས་ནང་ཁུལ་གྱི་མི་སྣས་ངོས་འཛིན་བྱས་དོན། ལོ་མང་རིང་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བའི”འདུ་ཤེས་མཐའ་འཁྱོངས་བྱས་པ་དང་འབྲེལ། གཙོ་གནད་རིག་དངོས་རྗེས་ཤུལ་ལ་སྲུང་སྐྱོང་བྱེད་ཐབས་ཀྱང་ནན་པོ་སྤྱད་ཡོད། དབྱར་དུས་ཡུལ་སྐོར་བ་གཅིག་སྡུད་ཆེ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས“ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡུལ་སྐོར་བྱེད་པ”དེ“དུས་བཞིའི་ཡུལ་སྐོར”ལ་འགྱུར་བའི་ཁ་ཐོར་ཡུལ་སྐོར་གྱི་ཐབས་ཇུས་སྤྱད་དེ་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་པ་མ་ཟད། “དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་ནས་ཉི་འོད་ལོངས་སུ་སྤྱོད་པའི”ཡུལ་སྐོར་བྱེད་སྒོ་ཡང་སྤེལ་ཡོད།

    བོད་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཕྲད་ནས་ཡུལ་སྐོར་ལས་རིགས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། སླད་ཕྱིན་བོད་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཀྱི་རིམ་པ་དང་ཞབས་ཞུའི་དོ་དམ་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། ཡུལ་སྐོར་འདི་ཉིད་རིག་གནས་དང་སྐྱེ་ཁམས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ཀྱི་ཡུལ་སྐོར་གྱི“རིམ་སྤར་པར་གཞི”བཏོད་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ནུས་ཤུགས་ཡོད་རྒུས་གཏོད་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།