དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བསམ་གྲུབ་རྩེ་ཆུས་ཀྱིས་སྐབས་དང་པོའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྐབས་དང་པོའི“ནས་ཀྱི་བུ་མོ”ཞེས་པའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་ཀྱི་འགྲན་བསྡུར་ཆེན་པོའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ད་རེས“ནས་ཀྱི་བུ་མོ”ཞེས་པའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་ཀྱི་འགྲན་བསྡུར་ཆེན་པོ་དེ་བྱེད་པའི་དམིགས་ཡུལ་ནི“ནས་ཀྱི་བུ་མོ”ཞེས་པའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི་དཔྱད་འདེམས་འགྲན་བསྡུར་ཆེན་པོ་ལས་སྟེགས་སུ་བྱས་ཏེ། དར་སྲོལ་དང་། གསོན་ཤུགས། ཡིད་ཆེས་གཅིག་སྡུད་ཀྱི་བསམ་གྲུབ་རྩེའི་ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་སོགས་ཀྱི་གཟུགས་བརྙན་དཔུང་ཁག་གཅིག་ཤེས་རྟོགས་དང་། གདམ་གསེས། གསོ་སྐྱོང་བཅས་བྱ་ཆེད་རེད། དེ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཡུལ་སྐོར་གྱི་མིང་བྱང་གསར་པ་གསར་གཏོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།

    གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་རེས་ཀྱི་དཔྱད་འདེམས་འགྲན་བསྡུར་ཆེན་པོའི་ཐོག་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་གདམ་གསེས་བྱ་རྒྱུ་མཚམས་སྦྱོར་དུ་བྱས་ཏེ། གཞིས་རྩེའི“འཛམ་གླིང་ནས་ཀྱི་ཕ་ཡུལ”དང“བོད་ཀྱི་འབྲུ་མཛོད”ཀྱི་མཚན་སྙན་ངོམ་སྟོན་བྱེད་པ་དང་། རིག་གནས་ཀྱི་ཁྱད་ཆོས་ལྡན་པ་དང་། བསམ་པའི་ནང་དོན་ལྡན་པ། བསམ་གྲུབ་རྩེའི་ཁྱད་ཆོས་ལྡན་པ་བཅས་ཀྱི་ཡུལ་སྐོར་རིག་གནས་ཀྱི་བྱེད་སྒོ་གཏོད་པ། བསམ་གྲུབ་རྩེའི་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་གྲུབ་རྩེའི་ཡུལ་སྐོར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། ཡུལ་སྐོར་བར་དེ་བས་ཕྱོགས་ཡོངས་དང་དེ་བས་དོན་དངོས་ཀྱི་བསམ་གྲུབ་རྩེ་ཤེས་རྟོགས་ཐུབ་པར་བྱ་རྒྱུ་དང་། བསམ་གྲུབ་རྩེར་བསྐྱོད་རྒྱུ། ཡུལ་སྲོལ་གོམས་འདྲིས་མྱོང་ཚོར་བྱ་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱེད་པ། བསྔགས་བརྗོད་ཐོབ་ཚད་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བྱེད་སྒོ་དེ་ཉིད་བསམ་གྲུབ་རྩེ་འོས་སྦྱོར་བྱེད་པའི་ཁྱད་ལྡན་གྱི་མིང་བྱང་ཞིག་དང་བསམ་གྲུབ་རྩེའི་རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།