དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ནགས་ལས་དང་རྩྭ་ཐང་ལས་དོན་གྱི“ལག་ལེན་གྱི་གྲུབ་འབྲས་ལ་བརྟག་ཞིབ་ཆེན་པོ”བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-21

    794706_yis_1626796800000_s.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་ཐོ་ཤང་གི་འབྲོག་ར་ཞིག་ཏུ་འབྲོག་པས་ལུགས་མཐུན་ངང་ཕྱུགས་འཚོ་བཞིན་པ།

     ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣ་སྟེང་ཆེན་དང་། རི་བོ་ཆེ། ཁ་རུབ། འཇོ་མདའ། གོ་འཇོ། སྨར་ཁམས་བཅས་རྫོང(ཆུས)6ཏུ་བསྐྱོད་དེ། ནགས་ལས་དང་རྩྭ་ཐང་ལས་དོན་གྱི“ལག་ལེན་གྱི་གྲུབ་འབྲས་ལ་བརྟག་ཞིབ་ཆེན་པོ”བྱས་ཤིང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་དང་། ནགས་ཚལ་དང་རྩྭ་ཐང་འདུ་འགོད་ཀྱི་རྣམ་གྲངས་འཛུགས་སྐྲུན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། སྡོང་ཕྲུག་ར་བ་འཛུགས་སྐྲུན། ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཚུལ་སོགས་ཀྱི་གནད་དོན་གཙོ་བོར་བཟུང་ནས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།

    བརྟག་ཞིབ་བྱེད་རིང་ཅུས་དེའི་ལས་དོན་མི་སྣས་རྫོང(ཆུས)ཁག་གི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་དེ་བཞིན་བདག་སྐྱོང་གི་གནས་ཚུལ་དང་། “འགྲམ་བཞིར”ཤིང་འཛུགས་ཀྱི་གནས་ཚུལ། དེ་བཞིན་སྡོང་ཕྲུག་ར་བའི་ལྗང་གསོའི་གྲུབ་འབྲས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དངོས་རྫས་གྲབས་གསོག བདག་སྐྱོང་ས་ཚིགས་ཀྱི་ལས་རེས་ལས་སྒྲུབ། རང་བྱུང་སྲུང་སྐྱོང་ཁུལ་དོ་དམ། དཔལ་འབྱོར་ནགས་ཚལ་འདེབས་འཛུགས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ད་དུང་གཞུང་ཁོངས་ནགས་རའི་འགན་འཁུར་བ་དང་བཞུགས་མོལ་དང་ནགས་སྲུང་བའི་འཐུས་མི་དང་མང་ཚོགས་དང་སྤེལ་རེས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཚུལ་དང་། ཁེ་ལས་འཕེལ་རྒྱས་གཏོང་ཚུལ། མང་ཚོགས་ལ་ཕན་པ་ཐོབ་ཚུལ། ཕྱོགས་ཁག་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་བཅས་ཤེས་རྟོགས་གཏིང་ཟབ་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།