
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། སྐྱེ་ཁམས་སྲུང་སྐྱོང་གི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་སྦྲགས། ད་དུང་དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་ཏེ། ཁོར་ཡུག་སྲུང་སྐྱོང་དང་དམངས་འཚོ་འཕེལ་རྒྱས་ཟུང་འབྲེལ་དང་། ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་ཟུང་འབྲེལ། ཁོར་ཡུག་སྲུང་སྐྱོང་དང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་གི་མཛེས་ལྗོངས་ཡིན་པ།