དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གླིང་ཁ། སེམས་ངལ་གསོ་བའི་དགའ་སྐྱིད་དོ་ར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-16

    788934_yis_1626364800000_s.jpg

    འདི་ནི་སྟག་རྩེ་ཆུས་གཙང་རྟོགས་ཤང་གི་དྲ་ཐོག་མིང་ཅན་གླིང་ཁར་ཐུར་ལྟ་བྱེད་པ།

    788932_yis_1626364800000_s.jpg

    འདི་ནི་ཡུལ་སྐོར་བས་སྟོད་ལུང་བདེ་ཆེན་ཆུས་སྟག་གདོང་གྲོང་ཚོར་གླིང་ཁ་གཏོང་བཞིན་ཡོད་པ།

    788920_yis_1626364800000_s.jpg

    འདི་ནི་ཆུ་ཤུར་རྫོང་ཤེལ་གྲོང་གླིང་ཁར་འཁྲབ་སྟོན་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་ཤེལ་གྲོང་འབྲོང་རྩེད་འཁྲབ་བཞིན་ཡོད་པ།

    788930_yis_1626364800000_s.jpg

    འདི་ནི་ཡུལ་སྐོར་བ་སྟག་རྩེ་ཆུས་གཙང་རྟོགས་ཤང་དྲ་ཐོག་མིང་ཅན་གླིང་ཁའི་ནང་གྲུ་གཏོང་བཞིན་ཡོད་པ།

    788924_yis_1626364800000_s.jpg

    འདི་ནི་ཡུལ་སྐོར་བས་སྟག་རྩེ་ཆུས་གཙང་རྟོགས་ཤང་དྲ་ཐོག་མིང་ཅན་གླིང་ཁར་གླིང་ཁ་བཏང་་ནས་ལྷ་སའི་དབྱར་དུས་ཀྱི་གླིང་ཁའི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད་པ།

    790544_yis_1626364800000_s.jpg

    འདི་ནི་ཡུལ་སྐོར་བས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཤིང་ཚང་གྲོང་ཚོའི་བལ་ལ་གཞིས་ཀར་གནས་པའི་མེ་ཏོག་ཤུན་དབྱིའི་ཁྲོད་དུ་སྤྲོ་གསེང་འཆམ་འཆམ་བྱེད་བཞིན་ཡོད་པ།

    གླིང་ཁ་གཏོང་བ་ནི་བོད་རིགས་མང་ཚོགས་ཀྱིས་ས་མཐོའི་གནམ་གཤིས་དང་། ཁོར་ཡུག འཚོ་བ་བཅས་ཀྱི་ཆ་རྐྱེན་ལ་གཞིགས་ནས་ཆགས་པའི་མི་རིགས་ཀྱི་གོམས་གཤིས་ཤིག་ཡིན་པ་དང་། གཉེན་ཉེ་དང་གྲོགས་པོ་གདན་ཞུ་བྱས་ཏེ་ཞིམ་ཟས་ཁྱེར་ནས་སྦྲ་གུར་དང་། སྤང་ལྗོངས། ལྗོན་པའི་བསིལ་གྲིབ་བཅས་ཡོད་སར་གླིང་ཁ་གཏོང་བར་འགྲོ་གི་ཡོད།

    སྟག་རྩེ་ཆུས་གཙང་རྟོགས་ཤང་གི་དྲ་ཐོག་མིང་ཅན་གླིང་ཁ།

    འདི་ལོ་གང་དུ་གླིང་ཁ་གཏོང་བར་འགྲོ་བའི་སྐོར་གླེང་སྐབས། སྟག་རྩེ་ཆུས་གཙང་རྟོགས་ཤང་དྲ་ཐོག་མིང་ཅན་གླིང་ཁ་ནི་གདམ་ག་བྱ་ཡུལ་ཨང་དང་པོ་རེད། འདི་ལོའི་དབྱར་ཁར་དྲ་ཐོག་མིང་ཅན་གླིང་ཁ་དེ་ཁྱུག་དབྱིངས་སུ་སྐད་གྲགས་ཆོད་པ་མ་ཟད། ལྷ་སའི་གྲོང་མི་ཚོས་ཀྱང་གླིང་ཁ་འདིར་བག་ཆགས་ཟབ་མོ་བྱུང་ཡོད།

    གླིང་ཁའི་རླངས་འཁོར་འཇོག་སར་འབྱོར་མ་ཐག རྒྱང་རིང་ནས་གྲགས་པའི་རོལ་དབྱངས་དང་དགོད་སྒྲས་གླིང་ཁའི་ནང་སྐྱིད་སྣང་དང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་གདོན་མི་ཟ།

    གླིང་ཁའི་དབུས་སུ་སྐྱོད་སྐབས། དུས་རྒྱུན་ལྷིང་འཇགས་ཀྱི་ཁོར་ཡུག་དེར་མི་མང་པོ་འདུ་འཛོམས་བྱས་ནས་སྤྲོ་སྣང་ལྡན་པའི་དགོད་སྒྲས་གླིང་ཁ་འཁྲུག་ཆ་དོད་དུ་ཕྱིན་ཏེ་ཁྱེད་ཀྱི་སེམས་ཁམས་ཀྱང་དེ་གའི་ཁོར་ཡུག་གིས་སྤྲོ་སྣང་རབ་ཏུ་འཕེལ་བ་དང་ཕྲུ་གུ་ཚོ་ཡང་ཁྱིམ་བདག་གི་སྣེ་ཁྲིད་འོག་གྲུ་གཏོང་བཞིན་ཅི་དགར་རྩེད་འཇོར་རོལ།

    ཚ་བ་ཆེ་བའི་དབྱར་ཁ་འདིར། ས་ཆ་སྐྱིད་པོ་འདི་འདྲ་ཞིག་ཡོད་པས། རང་བྱུང་ཁམས་དང་ཉེ་བར་བཅར་ཐུབ་ནས་དངོས་འབྲེལ་དཔེ་ཡག་པོ་རེད།

    མུའུ་100ཟིན་པའི་མེ་ཏོག་ཤུན་དབྱི།

    དགུང་སྔོན་སྤྲིན་དཀར་ནི་ལྷ་སའི་ཁྱད་དུ་འཕགས་པའི་གནམ་གཤིས་ཤིག་རེད་ལ། འདི་ལོ་ད་དུང་ལྷ་སར་མེ་ཏོག་ཤུན་དབྱིའི་ཞིང་ཁ་མཐོང་རྒྱུ་ཡོད་པ་ནི་དེ་བས་མཛེས་སྡུག་ལྡན་པར་སྣང་།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཤིང་ཚང་གྲོང་ཚོའི་བལ་ལ་གཞིས་ཀའི་མུའུ་100ཟིན་པའི་མེ་ཏོག་ཤུན་དབྱི་རབ་ཏུ་བཞད་པ་དང་། དགུང་སྔོན་སྤྲིན་དཀར་གྱིས་བརྒྱན་པའི་ས་མཐོར་གཞི་ཁྱོན་ཆེ་བའི་མེ་ཏོག་ཤུན་དབྱིའི་ཞིང་ཁ་ནི་མཛེས་ཉམས་ལྷག་པར་ཆེ་བ་དང་དེ་ནི་ལྷ་སའི་གྲོང་མིའི་སྤྲོ་གསེང་བྱ་ཡུལ་གསར་པར་གྱུར་ཡོད།

    དབེན་པའི་སྐྱེད་ཚལ་ལྟར་གྱི་དོག་སྡེ།

    དོག་སྡེ་ཁྲོམ་གཞུང་དུ་སྐྱོད་སྐབས་དབེན་པའི་སྐྱེད་ཚལ་ལྟར་གྱི་ས་ཆ་ཞིག་ཏུ་སླེབས་ཀྱི་ཡོད་ཅིང་། དེ་གར་གྲོང་ཁྱེར་གྱི་འཛེར་སྒྲ་ཐོས་རྒྱུ་མེད་པར་བྱ་བྱིའུ་དང་ཆུ་ཕྲན་གྱི་སྐད་སྙན་གང་སར་གྲགས། གཞི་རྒྱ་ཆེ་བའི་ས་ཞིང་དང་། གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་། སྔོ་ཐིང་ཐིང་གི་གླིང་ཁ། གང་སར་རྒྱུག་པའི་ཆུ་ཕྲན། ནཌ་ཚལ་སྟུག་པོ་བཅས་ལས་ཁ་ཁུ་སིམ་པའི་མཛེས་ལྗོངས་ཤིག་གྲུབ་ཡོད། 

    དོག་སྡེ་ཁྲོམ་གཞུང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བྱང་ཤར་ཕྱོགས་སུ་གནས་པ་དང་གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ་7ཡོད། འགྲིམ་འགྲུལ་སྟབས་བདེ་བ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་དོག་སྡེ་ཁྲོམ་གཞུང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་མཐུན་རྐྱེན་བསྐྲུན་ཡོད། དུས་རྒྱུན་གྲོང་ཁྱེར་དུ་སྡོད་ཡུན་རིང་དྲགས་ན། སུན་སྣང་ཆེན་པོ་སྐྱེས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། གྲོང་འདབས་སུ་གླིང་ཁ་གཏོང་བར་བསྐྱོད་ན་སེམས་པ་གུ་ཡངས་སུ་འགྲོ་བ་མ་ཟད། རང་བྱུང་ཁམས་ཀྱི་མཛེས་སྡུག་ཀྱང་དེ་བས་ལེགས་པ་ཚོར་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།