དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ན་ནིང་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཡོང་འབབ་སྒོར་དུང་ཕྱུར་12.17བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-07-09

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། འདས་ཟིན་པའི་ལོ་གཅིག་ནང་། བོད་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཞབས་ཞུ་ལྟེ་བར་འཛིན་པ་དང་སྤྱི་ཡོངས་ལ་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དར་རྒྱས་གོང་འཕེལ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་འབྲས་ཕུན་སུམ་ཚོགས་པའི་ངང་བསྡུ་ཐུབ་རྒྱུར་རམ་འདེགས་བྱས་ཡོད། 2020ལོར་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1061ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་12.17བྱུང་བ་དང་། ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་པ་ཁྲི་12.5དང་མི་ཐེངས་ཁྲི་25.9ལས་ཞུགས་གཞན་སྒྱུར་ཡོང་བར་སྐུལ་ཁྲིད་ཐུབ་སྟེ། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་6.3བྱུང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་ནང་ཞིང་འབྲོག་པ་མི་ཐེངས་ཁྲི་8.6ཐད་ཀར་དང་གཞན་བརྒྱུད་ཀྱིས་ཞུགས་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4300བྱུང་ཡོད་པ་རེད།

    འདི་ལོ་ཁྱད་ལྡན་ཡུལ་སྐོར་གྱི་ཤང་དང་གྲོང་རྡལ་5དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་10གཏོད་པ་དང་སྤུས་ཚད་ལེགས་སུ་འགྲོ་བའི་བརྩོན་ལེན་བྱ་རྒྱུ་རེད། དེ་དང་དུས་མཚུངས་སློབ་ཆེན་སློབ་མ་ལས་ཞུཌ་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མང་ཚོགས་དེ་བས་མང་བ་ཡུལ་སྐོར་གསར་སྤེལ་འཛུཌ་སྐྲུན་ནང་ཞུཌ་ནས་ཡུལ་སྐོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཁེ་སྤོཌ་མཉམ་སྤྱོད་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།