དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཡུལ་སྐོར“མྱུར་སྐྱོད་དལ་སྐོར”གྱི་དུས་མཚམས་གསར་པར་བསླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-07-08

     ཚེས་5ཉིན་གསར་འགོད་པར་ཉིང་ཁྲིར་འཚོགས་པའི“མྱུར་སྐྱོད་དལ་སྐོར”བོད་ཀྱི་ཡུལ་སྐོར་ཁྲོམ་ར་འོས་སྦྱོར་བྱེད་སྒོའི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག བོད་ཀྱི་ཡུལ་སྐོར་ལ་མཁའ་འགྲུལ་དང་། ལྕགས་ལམ། རིམ་མཐོའི་གཞུང་ལམ་སོགས་ཀྱི་ཡུལ་སྐོར་ཐོན་རྫས་གསར་རྐྱང་ཞིག་ཆགས་པ་དང“མྱུར་སྐྱོད་དལ་སྐོར”གྱི་དུས་མཚམས་གསར་པར་བསླེབས་ནས་བོད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི“མྱུར་སྐྱོད་དལ་སྐོར”བོད་ཀྱི་ཡུལ་སྐོར་ཁྲོམ་ར་འོས་སྦྱོར་བྱེད་སྒོའི་དོན་སྙིང་ནི་བོད་དུ“མྱུར་བགྲོད་ལྕགས་ལམ་གྱི་རྒྱབ་ལྗོངས”འོག ཡུལ་སྐོར་ཆེ་མོའི་རྣམ་པ་ཆགས་པར་བྱས་ནས་འགྲུལ་པའི་འགྲུལ་བཞུད་ཀྱི་དུས་ཚོད་ཇེ་ཐུང་དུ་གཏོང་རྒྱུ་དང་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་སུ་སྡོད་པའི་དུས་ཚོད་ཇེ་རིང་དུ་གཏོང་རྒྱུ་དེ་རེད། བོད་ཀྱི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཤར་གཏོང་ཐུབ་པ་དང་པེ་ཅིང་ནས་ཉིང་ཁྲིའི་བར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་བསྐྱར་དུ་གཏོང་འགོ་ཚུགས་པའི་གོ་སྐབས་དམ་འཛིན་བྱེད་པའི་དམིགས་ཡུལ་ནི་བོད་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་རྫས་དང་མྱུར་བགྲོད་ལྕགས་ལམ་གྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱེད་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁྲོམ་ར་སྔར་བས་རྒྱ་སྐྱེད་གཏོང་བ། བོད་ཀྱི་ཡུལ་སྐོར་སྤུས་རྟགས་ལ་བསྔགས་བརྗོད་ཐོབ་ཚད་ཆེ་རུ་གཏོང་བ། ས་ཁོངས་ཀྱི་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བོད་ཀྱི་ཡུལ་སྐོར་དེ་བས་ལེགས་པ་དང་དེ་བས་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།