དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ཐང་འཕགས་གནའ་ལམ་རྟགས་ཅན”གྱི་མེ་འཁོར་ལྷ་སར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-23

    ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་20ཙམ་ལ་ཤིས་ཨན་ལྷོ་ཚུགས་ནས་ཐོན་ཏེ་སྤྱི་ལེ་3000ལྷག་ཙམ་འགྲུལ་བཞུད་བྱས་རྗེས། ལམ་བར་དུ་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་བརྒྱུད་རྗེས“ཐང་འཕགས་གནའ་ལམ་རྟགས་ཅན”གྱི་ཡུལ་སྐོར་སྤུས་རྟགས་མེ་འཁོར་ལྷ་སའི་མེ་འཁོར་བབས་ཚུགས་སུ་འབྱོར་བ་ལས“ཐང་འཕགས་གནའ་ལམ་རྟགས་ཅན”གྱི་ཡུལ་སྐོར་སྤུས་རྟགས་མེ་འཁོར་བདེ་བླག་ངང་ཤིས་ཨན་དུ་སྣུར་སྲིང་བྱས་པ་མཚོན།

    “ཐང་འཕགས་གནའ་ལམ་རྟགས་ཅན”གྱི་ཡུལ་སྐོར་སྤུས་རྟགས་མེ་འཁོར་ལ་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་ཅི་གཡོད་ཀྱིས་2017ལོ་ནས་བཟུང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ཐང་འཕགས་གནའ་ལམ་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་གང་ལེགས་བསྔོགས་པ་དང་། ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་གྱི་ས་ཁོངས་དང་ཁྱབ་རྒྱ་ཆེ་བའི་ལེགས་ཆ་སྤྱད་དེ“ཡུལ་སྐོར་དང་ལྕགས་ལམ”ཟུང་འབྲེལ་གཏིང་ཟབ་བྱས་ནས་སྔ་རྗེས་སུ་ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ཟི་ལིང་བར་གྱི“ཐང་འཕགས་གནའ་ལམ་རྟགས་ཅན”གྱི་ཡུལ་སྐོར་སྤུས་རྟགས་མེ་འཁོར་གྱི་ལམ་ཐིག་བསྐྲུན་ཡོད། ད་ཐེངས་ཀྱི“ཐང་འཕགས་གནའ་ལམ་རྟགས་ཅན”གྱི་ཡུལ་སྐོར་སྤུས་རྟགས་མེ་འཁོར་ཤིས་ཨན་བར་བདེ་བླག་ངང་སྣུར་སྲིང་ཐུབ་པས་ལྷ་ས་དང་། ཟི་ལིང་། ལན་ཀྲོའུ། ཤིས་ཨན་བཅས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་བཞི་དང་སྦྲེལ་མཐུད་ཐུབ་ནས་མཐར་ཐང་འཕགས་གནའ་ལམ་གྱི་མཚམས་ཚིགས་གལ་ཆེན་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་གྱི་ཡོད། ལམ་ཐིག་དེ་ལམ་རྒྱུད་ཀྱི་མི་ཁྲི་3300ལྷག་ཙམ་དང་འབྲེལ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།