དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གཏིང་སྐྱེས་རྫོང་གིས་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-21

    རིག་གནས་དང་ཡུལ་སྐོར་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཏིང་སྐྱེས་རྫོང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱ་ཆེད། ཉེ་ཆར་གཏིང་སྐྱེས་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་། རྫོང་ཁྲོམ་ར་ལྟ་འདོམས་ཅུས། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་བཅས་དང་མཉམ་དུ། ཁོངས་གཏོགས་ཁུལ་གྱི་དྲ་ཁང་དང་། རོལ་རྩེད་ཁང་། ཨར་ཁང་དང་མགྲོན་ཁང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་གྱི་ལས་དོན་སྤེལ་རིང་། རོལ་རྩེད་ཁང་8དང་། བསྐྱར་དཔར་ཁང(བརྡ་ཁྱབ་ཁང)4 ཨར་ཁང་དང་མགྲོན་ཁང་དང་ཞིང་དུད་སྤྲོ་སྐྱིད་ཁང་10ལྷག་ཙམ། དྲ་ཁང་3བཅས་ལ་ཞིབ་བཤེར་བྱས་ཤིང་། གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ། ཡུལ་སྐོར་བ་ཞག་སྡོད་ཐོ་འགོད་གནས་ཚུལ། ནར་མ་སོན་པའི་མིའི་རོལ་རྩེད་ཁང་ནང་སྐྱོད་ཚུལ་སོགས་ལ་དམིགས་ཏེ། གྲལ་བཤེར་བཅོས་སྒྲིག་བྱས་པ་དང་དེ་བཞིན་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་ལྷག་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བཀའ་ཡང་བཏང་ཡོད་པ་རེད།

    མཉམ་འབྲེལ་ཁྲིམས་འཛིན་བྱས་པ་བརྒྱུད་གཏིང་སྐྱེས་རྫོང་གི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་གཉེར་སྐྱོང་བྱ་ཡུལ་གྱི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་སོང་སྟེ། གཏིང་སྐྱེས་རྫོང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་བྱ་ཡུལ་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།