དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་བྱས་པས་གྲོང་མི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ལ་རོལ་རྒྱུ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-11

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་སྐུལ་འདེད་བཏང་བས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གི་གྲོང་མིའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད། 

    འདས་པའི་ལོ་5ཡི་རིང་། ལྷ་ས་གྲོང་ཁྱེར་གྱིས“ཤིང་སྣ་རི་འདེབས”དང་། “གཙང་ཆུ་མཚོ་བསྐྱིལ” “ཁྱིམ་དྲོད་གཏོང་བ” “ལྗང་མདོག་གྲོང་བསྐོར” “ཆུ་རྒྱུད་སླར་གསོ་དང་སྒྱུར་བཀོད”སོགས་སྐྱེ་ཁམས་ཀྱི་དམངས་འཚོའི་འདུ་འགོད་གལ་ཆེན་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཉེར་སྐྱོང་དང་དོ་དམ་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞན་ཆ་མགྱོགས་པོ་སེལ་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་གིས་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད“ཐར་པར་གཏན་ནས་མི་གཏོང་བའི”དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་མཐའ་འཁྱོངས་དང་ལེགས་སུ་བཏང་ནས་མཁའ་རླུང་གཙང་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་རྒྱུ་མཐའ་འཁྱོངས་བྱས་པ་དང་། གྲོང་ཁྱེར་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོའི་ཁུལ་4ཡི་ཆུའི་སྤུས་ཚད་ཚད་ལོན་ཚད་100%ཟིན་པ། གྲོང་ཁྱེར་གྱི་ཆུ་རྒྱུད་ཀྱི་ཆུའི་སྤུས་ཚད་རྒྱུན་མཐུད་ཡག་པོ་རྒྱུན་འཁྱོངས་ཐུབ་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆར་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ་བཅས་རེད། ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དུ་བདེ་བླག་ངང་ཚུད་པ་དང་། འདམ་གཞུང་རྫོང་དེ་ཉིད་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་དུ་འཛུགས་གཏོད་བྱས་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།