ཉེ་ཆར། 2021ལོའི་རང་ལྗོངས་ཀྱི་གནམ་གྲུས་སོན་འདེབས་ནགས་བཟོ(རྩྭ་འདེབས)བྱེད་པའི་བྱེད་སྒོ་ཐོག་མ་དེ་ལྷ་སའི་སྣེའུ་ཁུལ་གསར་གསང་མདའ་སོན་འདེབས་ཁུལ་དུ་སྤེལ་བ་དང་། འཆར་གཞི་ལྟར་ན་སོན་འདེབས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་1.8ཟིན་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་རང་སྐྱོང་ལྗོངས་ཀྱིས་གནམ་གྲུས་སོན་འདེབས་ནགས་བཟོའི(རྩྭ་འདེབས)ཐད་མ་དངུལ་སྒོར་དུང་ཕྱུར་1.15གཏོང་རྩིས་ཡོད་པར་སོན་འདེབས་ཁུལ་ཁྱོན་25ཡོད་པ་དང་། གནམ་གྲུས་སོན་འདེབས་ནགས་བཟོའི(རྩྭ་འདེབས)རྒྱ་ཁྱོན་མུའུ་ཁྲི་66.48ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་མུའུ་ཁྲི་44.68འཕར་ཡོད། རང་སྐྱོང་ལྗོངས་ནགས་ལས་འཆར་འགོད་ཁང་དང་ཧྲའན་ཤིས་ཞིང་ཆེན་ནགས་ལས་འཆར་འགོད་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། ན་ནིང་གི་གནམ་གྲུས་སོན་འདེབས་ནགས་བཟོའི(རྩྭ་འདེབས)ཕན་འབྲས་ལ་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག 2021ལོའི་ལོ་འཁོར་ལ་ལྗོན་ཤིང(རྩྭ)323.01གནམ་གྲུས་འདེབས་རྩིས་ཡོད་པ་རེད།
རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ན་ནིང་གི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག འདི་ལོའི་གནམ་གྲུས་སོན་འདེབས་ནགས་བཟོ(རྩྭ་འདེབས)བྱེད་པའི་ཤིང་སྣ(རྩྭ)བཀོད་སྒྲིག་བསྡུར་ཚད་སྔར་བས་ལུགས་མཐུན་བྱུང་བ་དང་དུས་མཚུངས་སུ་མི་ཐབས་ལ་བརྟེན་པའི་སྔོན་འགོག་བྱ་ཐབས་སྔར་བས་མང་དུ་ཕྱིན་ནས་ཤིང་འཛུགས་ཡུལ་ཁག་ཏུ་ས་སྦོལ་བ་དང་བྱེ་མིག་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་པས། བྱེ་རླུང་ལས་ཤིང་སྣ(རྩྭ)འདེབས་རྒྱུར་གནོད་སྐྱོན་ཕོག་ཚད་ཆུང་དུ་ཕྱིན་པ་མ་ཟད། ལྗང་པ་འབུས་ཚད་དང་གསོན་ཚད་ཀྱང་མཐོ་རུ་ཕྱིན་ཡོད་ཅེས་གསར་འགོད་པར་བཤད།