དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-27

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཅ་དངོས་ཉོ་སྒྲུབ་བྱ་ཡུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། གྲོང་ཁུལ་རྙིང་པ་གནས་ཡུལ་བཅས་ལ་དུས་ཡུན་ཉིན་གསུམ་གྱི་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད།

    “གོམ་སྟབས་རྗེས་མར་ང་ཚོས་ཕུགས་ཕན་གྱི་ལྟ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་རར་ལྷགས་པའི་སྒྲིག་འགལ་དང་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱས་ཏེ། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་བློས་འགེལ་ཆོག་ལ་སྤྲོ་སྣང་ལྡན་པའི་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཁྲོམ་ར་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།