དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ”བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-22

    ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པའི་2021ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་ཚོགས་རའི་བྱེད་སྒོ་ལྷ་སའི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་མཛེས་ལྗོངས་ཁུལ་དུ་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་100ལྷག་ཙམ་དང་རིག་གནས་གསར་གཏོད་ཁེ་ལས་ཀྱི་ལས་དོན་མི་སྣ་དང་། སློབ་གྲྭ་དང་སློབ་གླིང་གི་སློབ་གྲྭ་ཆེ་མོ་བ། ཡ་རབས་ཡུལ་སྐོར་གྱི་དང་བླངས་པ་སོགས་མི་280ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    རིག་གནས་ཡུལ་སྐོར་པུའི“ལྗང་མདོག་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་འཚོ་བའི”བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་གཙོ་གཉེར་ཕྱོགས་ཀྱིས་ས་ཆ་དངོས་སུ་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཁག་7འོས་སྦྱོར་བྱས་ཡོད། དེ་དག་ནི་འོད་སྟོང་འཕྲོ་བའི་ལྷ་སར་ལྟ་བ(ཉིན་གཅིག་སྐོར་བ)དང་། གཞིས་རྩེའི་ཉམས་བཟང(ཉིན་གཉིས་སྐོར་བ) ལེགས་པོའི་སྟག་མ་མེ་ཏོག་ལྷག་པར་མཛེས(ཉིན་གསུམ་སྐོར་བ) མཛེས་སྡུག་ལྡན་པའི་གྲོང་གསེབ་མྱོང་རོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས(ཉིན་བཞི་སྐོར་བ) གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན(ཉིན་ལྔ་སྐོར་བ) “ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན(ཉིན་དྲུག་སྐོར་བ) ཁུང་ཧྥན་སེན་གྱི་བྱས་རྗེས་བཙལ་འཚོལ་དང་གནམ་མཚོའི་མ་ཎི་རྡོ་ཕུང(ཉིན་བདུན་སྐོར་བ)བཅས་རེད། དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། ད་ཐེངས་ཀྱི་བྱེད་སྒོའི་ནང“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བརྗོད་དོན་གཙོ་བོའི་མཛེས་རིས་འགྲེམས་སྟོན་12ཇུས་འགོད་བྱས་ཏེ་མི་སྣ་འདུ་འཛོམས་བྱ་ཡུལ་དུ་བཞག་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་པར་རྒྱག་ཏུ་བཅུག་ཡོད། བྱེད་སྒོའི་ནང་གཙོ་གཉེར་ཕྱོགས་ཀྱིས་རྟ་རྩལ་ངོམ་སྟོན་གྲ་སྒྲིག་བྱས་པ་མ་ཟད། ད་དུང་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་ལ་ལྟ་སྐོར་དུ་ཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།